ཁམས་སྡེ་དགེ་ནས་གློག་བརྙན་གསར་པ་ཞིག་འཁྲབ་སྟོན་གནང་པ། (པར)

ཁམས་སྡེ་དགེ་རྫོགས་ཆེན་ནས་(མདོ་ཁམས་སྟོན་པའི་སྐུ་འདྲ་)ཞེས་པའི་གློག་བརྙན་གསར་པ་ཞིག་འཁྲབ་སྟོན་གནང་ཡོད་པ། གློག་བརྙན་དེའི་འཁྲབ་སྟོན་མི་སྣ་གཙོ་བོ། བསྟན་འཛིན་བཀྲ་ཤིས་ ཀུན་བཟང་བསྟན་འཕེལ ཟླ་བ་རྡོ་རྗེ སོགས་ཡིན་འདུག

ཁོང་ཚོས་འདི་ལྟར་འཁྲབ་སྟོན་བྱེད་དགོས་པའི་དམིགས་འདུན་སོགས་ཕྱིར་བསྒྲགས་གནང་དོན”མཁའ་དབྱིངས་དྭངས་ས། གངས་རི་དཀར་ས། ཆུ་བོ་གཙང་ས། གནས་མཆོག་རུ་དམ་ལུང་པ་རུ་ཕ་གཞིས་ཐོབ་པ་ང་ཚོས། རང་རིགས་ལ་བཅངས་པའི་ལྷག་བསམ། འཁྲབ་སྟོན་ལ་འདུན་པའི་བརྩེ་སེམས། ལོ་རྒྱུས་ལ་ཞེན་པའི་དགའ་གདུང་། སྒྱུ་རྩལ་ལ་བསྙེགས་པའི་སྤོབས་པ་བཅས་ད་ཐེངས་མདོ་ཁམས་སྟོན་པའི་སྐུ་བརྙན་ཞེས་པའི་རྩོམ་གར་ཚན་པ་ཞིག་བརྙན་གར་འཁྲབ་སྟོན་ཀྱི་སྟོང་ཆ་གསབ་པའི་སེམས་ཤུགས་དང་། རྒྱ་ཆེའི་གཟིགས་མཁན་གྱི་ཐུགས་རེ་སྐོང་པའི་སྨོན་སེམས་བཅས་ཕབ་བསྐྲུན་བྱས་ན། ཟློས་གར་སྒྱུ་རྩལ་ལ་མཁྱེན་མཆོག་མངའ་བ་ཚོས། ནོངས་ཆ་སྐྱོན་འདོན་དང་། ནོར་བཅོས་འཛུབ་སྟོན་ཞུ།”ཞེས་གསལ་བཤད་གནང་་ཡོད་པ་རེད།

ཉོ་ཚོང་གི་འབྲེལ་ལམ་ཁ་བྱང་།

ལྷ་ས། ༡༨༩༨༩༠༩༡༧༧༧

སྡེ་དགེ ༡༥༢༨༣༦༡༡༡༠༩

ཟི་ལིང་། ༡༣༦༨༣༤༨༡༡༡༥

ཁྲིན་ཏུའུ། ༡༣༥༡༨༤༤༤༤༦༢


ཁམས་སྡེ་དགེ་རྫོགས་ཆེན་ནས་མདོ་ཁམས་སྟོན་པའི་སྐུ་འདྲ་ཞེས་པའི་གློག་བརྙན་གསར་པ་ཞིག་འཁྲབ་སྟོན་གནང་པ།

ཁམས་སྡེ་དགེ་རྫོགས་ཆེན་ནས་མདོ་ཁམས་སྟོན་པའི་སྐུ་འདྲ་ཞེས་པའི་གློག་བརྙན་གསར་པ་ཞིག་འཁྲབ་སྟོན་གནང་པ།


ཁམས་སྡེ་དགེ་རྫོགས་ཆེན་ནས་མདོ་ཁམས་སྟོན་པའི་སྐུ་འདྲ་ཞེས་པའི་གློག་བརྙན་གསར་པ་ཞིག་འཁྲབ་སྟོན་གནང་པ།

འཁྲབ་སྟོན་མི་སྣ་གཙོ་བོ། བསྟན་འཛིན་བཀྲ་ཤིས་ ཀུན་བཟང་བསྟན་འཕེལ ཟླ་བ་རྡོ་རྗེ སོགས། པདྨ་བསྟན་འཛིན་ལགས་ནས་འདྲ་པར་བཤུས།