མི་ཤ་ཟས་པའི་གསར་བརྗེ་ངོ་ལོག་པའི་ཉེས་མིང།
དེ་ རིང་དྲ་ཐོག་ནས་རྩོམ་པ་པོ་ཅིང་ཧྲི་ཡེས་བྲིས་པའི་༼ཕྲུ་གུའི་ཤ་ཟ་བ་༽ཞེས་པའི་ རྩོམ་ཞིག་ལྟས་པ་ཡིན། རྩོམ་དེའི་ནང་ཕྱི་ལོ་༡༩༧༤ཙམ་མའོ་ཙེ་ཏུང་གི་སྲིད་དབང་ བཟུང་བའི་སྐབས་ཤེས་ཡོན་ཅན་གྲོང་གསེབ་ཏུ་སྤྱོད་དགོས་པའི་ལས་འགུལ་སྤེལ་བའི་ སྐབས་འཆི་གསོན་གྱི་གནས་སྟངས་ལ་ཁ་གཏད་གཅོག་དགོས་པའི་མི་ཚོས་དངོས་ཡོད་ཀྱི་ གནས་སྟངས་སྐོར་རེད་འདུག
སྐབས་ དེར་ལྟོ་གོས་ཤིན་ཏུ་དཀོན་པའི་དུས་ཤིག་ཡིན་ལ་༼ཤེས་ཡོན་ཅན་གྲོང་གསེབ་སྤྱོད་༽ པའི་ལས་འགུལ་ནང་བརྫངས་བའི་རྒྱ་ནག་ས་ཁུལ་གང་སའི་གཞོན་སྐྱེས་མང་པོ་ཡོད། ང་ ཚོ་བསྡད་ས་ས་ཁུལ་དེར་རྒྱ་ནག་ཧྲང་ཧེ་སོགས་ས་ཁུལ་གང་སའི་གཞོན་སྐྱེས་ཡོད་པ་ དང། རྒྱུན་རིང་གི་འཚོ་བའི་འབྲེལ་ཐག་རྒྱུད། ཧྲང་ཧེ་བུ་མོ་ཆཱིང་ལིང་སུ་དང་ པེ་ཅིང་གཞོན་སྐྱེས་ལི་ཀོ་པོ་གཉིས་ལ་ལྐོགས་ནས་ཕྲུ་གུ་བྱུང་། ལི་ཀོ་པོ་ཡིས་ གནས་སྟངས་དེ་ཐོས་མ་ཐག་སེམས་ནང་འཇིགས་སྐྲག་གིས་ཁེངས། གལ་ཏེ་འཆང་ས་མ་རྒྱབ་ སྔོན་ནས་ཕྲུ་གུ་འཁོར་བའི་སྒྲིག་འགལ་གྱི་༼ཁྲམ་སྤྱོད་༽དེར་ཡང་ན་ཐག་པས་བསྡམ་ སྟེ་ཁྲོམ་བསྐོར་འཁྲིད་རྒྱུ་དང་ཉེས་ཆད་ལྕི་ན་ངལ་རྩོལ་བསྒྱུར་བཀོད་ཀྱི་ཁྲིམས་ ཐག་བཅད་རྒྱུ་ཡིན་པར་བརྟེན། གཞོན་ནུ་ཕོ་མོ་འདི་གཉིས་ཉིན་ལྟར་ཞེད་སྣང་གི་ འོག་ཏུ་གནས་ཡོད།
དེ་ནས་ཕོ་གཞོན་གྱིས་ཐབས་ལམ་མེད་པའི་འོག་དེར་ཡོད་འཕྲོད་བསྟེན་ཁང་གི་ལས་ བྱེད་ངོ་ཤེས་དེར་བཤད་དེ་ཁོ་ཚོས་ལྐོགས་ལྐོགས་སུབ་སུབ་ཀྱིས་སྦྲུམས་མར་ལོག་ སྨན་སྤྲད་པ་དང། མཐོ་ས་ནས་འོག་ཏུ་མཆོངས་པ་སོགས་ཐབས་ཤེས་སྣ་ཚོགས་ཀྱིས་གཞོན་ ནུ་མ་ཆཱིང་ལིང་སུའི་ཉིན་ལྟར་འགོག་ཐབས་མེད་པའི་ཟླ་བ་༨་ཙམ་སོང་བའི་ལྟོ་བ་ཆེན་ པོ་དེ་མེད་པར་བཟོ་ཐབས་བྱས། དེ་ནས་ཉིན་ཞིག་ཆཱིང་ལིང་སུས་གཞན་གྱིས་ཤེས་དོགས་ ཀྱིས་ཟུར་གཟེར་གྱིས་ཅི་ཙམ་མནར་ཡང་སྐད་ཙམ་མ་གྲགས་པར་གཟུགས་པོ་ཡོངས་དངུལ་ཆུས་ སྦངས་རྗེས་གྲོད་ཁོག་ནང་ཕྲུ་གུ་བུ་ཞིག་གི་བན་རོ་དེ་སྐྱེས་ཐུབ་ཙམ་བྱུང། ཕོ་ མོ་འདི་གཉིས་སོ་སོའི་ཕྲུ་གུ་ཤི་བའི་སྡུག་བསྔལ་ལ་བཟོད་ཐབས་མེད་ཀྱང་། ཕྲུ་ གུའི་བན་རོ་དེ་གོང་རིམ་དཔོན་དང་གཤམ་གྱི་ལས་རོགས་གཞན་ལ་སྦ་གསང་ཡོང་ཆེད། ཇི་ ལྟར་ཐབས་འཚོལ་དགོས་མིན་དེ་སླར་སེམས་ཀྱི་དཀའ་ངལ་ཞིག་རེད། རོགས་པ་ཚོས་ཕྲུ་ གུའི་བན་རོ་སྦ་གསང་ཕྱིར་ཐབས་ཤེས་སྣ་ཚོགས་བཏོན་ཡང་ཚང་མར་ཐབས་ལམ་དེ་ཚོར་ སྐྱོན་ཆ་ཡོད་པར་བརྟེན། མཐར་འཕྲོད་བསྟེན་ཁང་གི་ལས་བྱེད་དེས་བན་རོ་དེའི་གནད་ དོན་ཐག་གཅོད་བྱ་རྒྱུའི་ཁེས་ལེན་བྱས།
ལས་ བྱེད་དེས་མི་གཞན་ཞིག་དང་མཉམ་ཕྲུ་གུའི་ཤ་དང་བྱ་ཤ་མཉམ་དུ་ཟོས་ན་གཟུགས་པོར་ཕན་ ལུགས་སོགས་རྒྱུན་རིང་བཤད་དེ་མཚན་མོར་བྱ་བསད་། དེ་ནས་མཚན་གཞུང་དུ་བྱ་བསད་ པའི་སྒྲ་རུ་དཔོན་ཞིག་གིས་ཐོས་ཏེ་དེར་སོང་ནས་སྐད་ཆ་དྲིས་སྐབས་དེའི་ནང་མི་ ཞིག་སྐྱེས་སྐར་གཏོང་གི་ཡོད་ལུགས་བཤད་ཅིང་རུ་དཔོན་ཡང་གདན་འདྲེན་ཞུ་བརྩིས་ ཡོད་ལུགས་བཤད། དེ་རྗེས་ཁོ་གཉིས་ཀྱིས་ཕྲུ་གུའི་བན་རོ་གཙང་འཕྲུས་བྱས་རྗེས་ སྣུམ་དང་ཁ་ཚ། ཨ་རག་ཏོག་ཙམ་དང་སྨན་སྣ་སོགས་མཉམ་དུ་བསྔོས་རྗེས་དེར་ཡོད་རུ་ དཔོན་དང་འགོ་གཙོ་ཚོ་དང་མཉམ་དུ་ཟོས།
བུད་ མེད་དེས་ཕྲུ་གུའི་བན་རོ་སྐྱེས་ཚར་ཙམ་ཡིན་སྟབས་གཟུགས་པོ་ཧ་ཅང་སྐྱོ་བའི་ རྐྱེན་གྱིས་རོགས་པས་འཁྱེར་ཡོང་བའི་འོ་ཙམ་ཏོག་ཙམ་དང་བུ་རམ་མངར་མོ་གཉིས་ཀྱི་ ཁུ་བ་ཏོག་ཙམ་འཐུང་ནས་གཟུགས་པོ་གསོ་ཐབས་བྱས། ཕྲུ་གུའི་ཨ་ཕ་ལི་ཀོ་པོས་ཁོའི་ དགའ་རོགས་མར་གཡོག་བྱ་དང་བཅས་སེམས་ནང་རྒྱ་ནག་མི་མང་གིས་༼མི་མང་ལ་ཞལ་འདེབས་ ཞུ་དགོས་༽ཅེས་བཤད་མཁན་གྱི་༼རླབས་ཆེན་གྱི་སློབ་དཔོན་༽མའོ་ཙེ་ཏུང་གི་མཐའ་ན་ ཕོ་མོ་གཉིས་རང་མོས་ཀྱི་གཉེན་བསྒྲིག་དང་ཕྲུ་གུ་སྐྱེ་བའི་དབང་ཆའང་འཁྲོག་ཟིན་ པའི་གནས་སྟངས་གསོན་པོ་དེ་ཡིད་ལ་འཆར་བཞིན་སེམས་ཀྱི་སྡུག་བསྔལ་ནི་བཤད་ག་ལ་ དགོས། སྐབས་དེར་མི་རྣམས་ཀྱིས་༼རླབས་ཆེན་གཙོ་འཛིན་༽མའོ་ཀྲུའུ་ཞིར་ཡང་ཤི་ནད་ ཕོག་པའི་གནས་ཚུལ་གོ་ཐོས་བྱུང་བར་བརྟེན། ལིང་སུ་ལིས་ཀྱང་ཚེ་སྲོག་གསར་པ་ སྦྲུམས་པའི་གོ་སྐབས་ཐོབ་སྲིད་ཨང་སྙམ་བཞིན་སྡུག་རུས་རྒྱག་ནས་བསྡད།
འོན་ ཀྱང་སྟབས་མ་ལེགས་པ་ཞིག་ལ་རུ་དཔོན་གཞན་ཞིག་ལ་ཉིན་དེའི་ཤ་མ་རག་པའི་རྐྱེན་ གྱིས་སེམས་ནང་ཁོང་ཁྲོ་ལངས་བཞིན་མགྲོན་འབོད་དང་བྱ་ཤ་ཉོ་མཁན་གྱི་མི་དེ་ཁོའི་ ལས་ཁང་དུ་སྐད་གཏོང་ཏེ་ཁོ་ཚོའི་སྐྱེས་སྐར་ཇི་ལྟར་གཏོང་མིན་སྐོར་ཚ་འདྲི་ བྱས། ཉིན་དེར་ཁོས་གང་ལེགས་ཀྱིས་འགྲེལ་བརྗོད་བྱས་ཀྱང་། སེམས་ནང་ཕྲུ་གུའི་ ཤ་ཟོས་པའི་གནས་ཚུལ་སྐོར་ཤེས་དོགས་ཀྱིས་ཉིན་མཚན་རྔང་སྐྲག་ཚད་མེད་འོག་ གནས། དེ་ལྟར་རྒྱུན་རིང་ཙམ་སོང་བའི་ཉིན་ཞིག་ཁོ་རུ་དཔོན་གྱིས་མི་གཏོང་སྟེ་ ཤི་མིན་རོ་མིན་མཚམས་བར་རྡུང་རྡེག་ཚད་མེད་བཏང། ཉིན་གསུམ་རྗེས་ཁོས་རྡུག་ རྡེག་དང་མནར་གཅོད་ལ་མ་བཟོད་པར་རུང་དཔོན་གཞན་དེ་དང་མཉམ་དུ་ཕྲུ་གུའི་བན་ཤ་ ཟོས་པའི་སྐོར་བཤད་དགོས་བྱུང་བ་རེད། རུ་དཔོན་དེས་ཁོའི་བསམ་ཡུལ་ལས་འདས་པའི་ ངན་ཁག་དཀྲི་སའི་རྒྱུ་ཆ་ཞིག་རག་སྟབས་མཚོན་ཆས་མནར་གཅོད་ཁོ་ནས་ཕྲུ་གུའི་བན་རོ་ ཟོས་པའི་འབྲེལ་ཡོད་ཡོངས་རྫོགས་འཛིན་བཟུང་གིས་ཁྲོམ་བསྐོར་འཁྲིད་པ་མ་ཟད། ཡ་ང་ བའི་ཕོ་མོ་དེ་གཉིས་ལ་མནར་གཅོད་བཏང་བའི་ངུ་སྐད་ཀྱིས་རིང་ལུང་ཡོངས་སུ་ཁྱབ་པར་ བྱས།
དེ་ རྗེས་ཕྲུ་གུའི་བན་རོ་བཟོ་མཁན་འཕྲོད་བསྟེན་ལས་ཁུང་གི་ལས་བྱེད་དེར་༼མི་ཤ་ཟ་ མཁན་གསར་བརྗེ་ངོ་ལོག་པ་༽ཞེས་པའི་ཉེས་མིང་འོག་ལོ་ལྔ་ཁྲིམས་བཅད་དང། བྱ་ཤ་ཉོ་ མཁན་ལ་༼མི་ཤ་མཉམ་ཟ་བྱེད་མཁན་གསར་བརྗེ་ངོ་ལོག་པ་༽ཞེས་པའི་མིང་ཐོག་ནས་ལོ་ གཉིས་ཁྲིམས་ཐག་བཅད། གཞན་གནས་ཚུལ་དེ་ཤེས་མཁན་ཡོངས་ལ་ངལ་རྩོལ་བསྒྱུར་བཀོད་ལོ་ གྲངས་མི་འདྲ་བར་ཁྲིམས་ཐག་བཅད་ཡོད་པ་རེད། འོན་ཀྱང་གནས་ཚུལ་དེ་ད་དུང་ཡང་ཚར་ ཡོད་པ་མ་རེད། མི་ཤ་ཟོས་པའི་གནས་ཚུལ་དེ་ཨ་རི་རླུང་འཕྲིན་༼རྒྱ་ཡིག་སྡེ་ཚན་༽ ནས་ཐེངས་མང་རྒྱ་ནག་ལ་མི་ཤ་ཟོས་པའི་གྱོན་དོན་བྱུང་ཡོད་ཅེས་སོགས་ཡུན་རིང་ རྒྱང་བསྲེང་བྱས་པའི་རྐྱེན་གྱིས་ཁུལ་དེའི་སྲིད་གཞུང་གི་སྤྱི་བདེ་ཚན་པའི་འགོ་ དཔོན་ཚོ་སྔར་ལས་ཁོང་ཁྲོ་མེ་ལྟར་འབར་ཏེ་ཕྲུ་གུའི་བན་རོ་༼ཐག་བཅད་༽བྱེད་མཁན་ སྐབས་དེའི་རུ་སྡེ་དེའི་འཕྲོད་བསྟེན་ལས་ཁུང་གི་ལས་བྱེད་དེར་དམར་བསད་ཀྱི་ ཁྲིམས་ཆད་བཅད་ཅིང། ལམ་སེང་ལག་བསྟར་བྱས་པ་མ་ཟད། ཁོའི་རོགས་པ་དེར་ལོ་ལྔའི་ ཁྲིམས་ཐག་བཅད།
༼ མི་ཤ་ཟོས་པའི་གསར་བརྗེ་ངོ་ལོག་༽པའི་ཉེས་པ་ཕོག་པའི་མི་དེར་ཁྲིམས་ཐག་གཅོད་ པའི་ཚོགས་ཆེན་དུ་མི་མང་སྟོང་ཕྲག་ཁ་ཤེས་འཛོམས་ཡོད་པ་དང། སྡེངས་ཆའི་སྒང་ཤེས་ ཡོན་ཅན་གྲོང་གསེབ་སྤྱོད་དགོས་པའི་ལས་འགུལ་ཁང་གི་རུ་སྡེ་དང་དཔུང་ཁག་གི་འགོ་ དཔོན་མང་པོ་བསྡད།
དམར་བསད་གཏོང་སྐབས་ད་དུང་དུ་ནག་བཙོང་མཁན་གྱི་ཉེས་ཅན་པ་གཞན་གཉིས་ཀྱང་དམར་བསད་མཉམ་དུ་བཏང་ཡོད་པ་རེད།
ཕྲུ་ གུའི་བན་རོ་སྦ་གསང་ཕྱིར་མི་ཤ་ཟོས་པའི་ཉེས་ཅན་པ་དང་གཞན་དུ་ནག་བཙོང་མཁན་གཉིས་ མི་གསུམ་དམར་བསད་བཏང་རྗེས། ལག་ཏུ་པར་ཆས་འཛིན་མཁན་གྱི་མི་གཞན་ཞིག་གིས་བྲེལ་ འཚུབ་ངང་ཤི་ཕོ་གསུམ་ལ་པར་རྒྱབ་་་་་་་་་་་་
གཤམ་གསལ་ནི་རྩོམ་པ་པོའི་འབྲེལ་བརྗོད་ཀྱི་སྐད་ཆ་དེ་དག་རེད།
༼ ལོ་ངོ་་༣༥ འདས་ཟིན་པའི་དུས་འདིར་ངས་མང་པོས་ཤེས་རྟོག་ཡོད་པའི་མི་ཤ་ཟོས་པའི་ གྱོན་དོན་དེའི་སྐོར་སྐབས་དེའི་རུ་དཔོན་དུ་ཡོད་པའི་མི་གཞན་གཉིས་དང་མཉམ་དུ་ གཏིང་ཟབ་པོའི་སྒོ་ནས་གླེང་སློང་བྱས་པ་དང། སྐབས་དེར་དམར་གཞུང་གིས་སྤེལ་བའི་ ཤེས་ཡོན་ཅན་གྲོང་གསེབ་དུ་སྤྱོད་དགོས་པའི་ལས་འགུལ་དེའི་ནང་བཏང་སྟེ་སྡུག་ སྦྱོར་མྱང་བའི་གནས་སྟངས་འདི་རྩོམ་ཡིག་འདི་སྤེལ་ཡོད། ངས་ད་དུང་ཡང་ཤི་གསོན་ གཉིས་ཀྱི་སོ་མཚམས་སུ་བསྐྱེལ་བའི་ལས་འགུལ་དེའི་ནང་ཞུགས་མྱོང་མཁན་གསོན་པོ་ཅི་ ཙམ་འཚོ་བཞིན་ཡོད་མེད་མི་ཤེས། ཚོད་དཔག་ཙམ་བྱས་ན་ཁོ་ཚོའི་ལས་དབང་ཡང་ཧ་ཅང་ཡ་ ང་བ་ཡིན་པར་ཤེས་ཐུབ། གུས་པས་དོན་རྐྱེན་འདི་རྩོམ་འབྲི་བྱེད་དགོས་པའི་དམིགས་ ཡུལ་ཡང་ང་ཚོའི་རྗེས་རབས་ཚོས་སྐབས་དེའི་མི་རྣམས་ཀྱི་དངོས་ཡོད་གནས་སྟངས་ཤེས་ རྟོགས་ཡོང་བའི་ཆེད་དུ་ཡིན་ལ། དཀའ་སྡུག་ཆེ་བའི་འདས་ཟིན་གྱི་ལོ་ཟླ་དེའི་ནང་ ཁོ་ཚོས་དཔའ་ངར་ཆེན་པོས་གསོན་ཐབས་བྱས་པའི་སྐོར་ཤེས་རྟོག་ཆེད་དུའང་ཡིན།
འོན་ ཀྱང་དུས་མཚུངས་སུ་སྐབས་དེའི་སྙིང་རྗེ་མེད་པའི་རུ་དཔོན་དང་འགོ་དཔོན་ཚོའི་ ནོར་འཕྲུལ་གྱི་བྱ་བ་དེ་དག་ལ་ང་ཚོས་ངོས་ལེན་བྱེད་དགོས། དེ་བཞིན་སྡུག་སྦྱོར་ མྱོང་མཁན་ང་ཚོའི་ནང་དུའང་ཀུན་སྤྱོད་ངན་པའི་མི་སྣ་སྐྱུག་བྲོ་བ་དེ་འདྲའང་ཡོད་ པར་ང་ཚོས་ཀྱང་ངོས་ལེན་བྱེད་དགོས། སྐབས་དེར་མི་དེ་ཚོས་དཔོན་པོར་སྤྲད་ལད་ འཁྲབ་ཅིང་ལས་རོགས་ལ་གཉའ་གནོན་བཏང་བ་སོགས་བྱེད་ཀྱི་ཡོད། ད་དུང་དེའི་ནང་ གཞོན་སྐྱེས་མང་པོ་ཡོད།
ངས་ འདི་ནས་གཞོན་ནུ་དེ་དག་ལ་སྐྱོན་བརྗོད་བྱེད་འདོད་མེད། གང་ཡིན་ཟེར་ན་དུས་སྐབས་ དེའི་རིང་གི་གཞོན་སྐྱེས་དེ་དག་གི་ནོར་འཕྲུལ་ཡོངས་རྫོགས་འདས་ཟིན་གྱི་ལོ་ རྒྱུས་རེད། ད་ཆ་སྐབས་དེའི་དུས་ཀྱི་གཞོན་སྐྱེས་དག་རྒས་འཁོག་ཤ་སྟག་ཆག་ ཟིན། འོན་ཀྱང་ང་ཚོ་གསོན་པོ་བསྡད་ཡོད་པ་ཚོས་དོན་དངོས་ལ་ཁ་ཕྱོགས་ཏེ་འཚོ་བ་ ལེགས་པོ་ཞིག་བསྐྱེལ་ཐབས་ལུས་ཀྱང་དགོས། ང་ཚོས་མིག་རྒྱང་མདུན་དུ་བསྲེང་སྟེ་ རྒྱ་ནག་གི་བཅོས་བསྒྱུར་དང་སྒོ་དབྱེའི་ཆེད་དུ་ལེགས་སྐྱེས་འབུལ་དགོས།
འདས་ ཟིན་པའི་སྡུག་བསྔལ་མ་ཤེས་ན། དུས་ད་ལྟའི་བདེ་སྐྱིད་ཇི་ལྟར་ཚོར། འདས་ཟིན་ གྱི་ལོ་རྒྱུས་བརྗེད་ཐབས་བྱེད་པ་དེ་ངོ་ལོག་པ་དང་གཅིག་མཚུངས་རེད། ཅིང་ཧྲི་ ཡེ་ནས་བྲིས།༽