སྐྱོ་སྣང་གི་གདུང་དབྱངས་ནག་པོ།
སེམས་པ་རླུང་བུས་ཁུར་སོང་།
སྙིང་གི་མེ་ཏོག་རྙིང་སོང་།
ཡིད་ཀྱི་ཆུ་བོ་ཆད་སོང་།
སྐྱོ་བའི་ན་བུན་འཁྲིགས་སོང་།
སེམས་ཀྱི་རེ་བ་བརླགས་སོང་།
སྐྱིད་པའི་རྒོད་སྒྲ་ཡལ་སོང་།
ཕུགས་ཀྱི་འཚོལ་བསྙེག་སྐམ་སོང་།
དུང་བའི་མིག་ཆུ་ཤོར་སོང་།
རེ་སྒུག་མཁའ་རུ་འཕུར་སོང་།
རེ་བ་ཆུད་ཟོས་བཏང་སོང་།
སེམས་ཀྱི་འོད་དཀར་ནུབ་སོང་།
བྱང་མཐའི་ཕྱོགས་ནས་སྐྱོ་སོང་།
སེམས་ཚོར་ལྷོག་ལྷོག་གདུས་སོང་།
ན་ཟུག་དྲག་ཏུ་འཕྱུར་སོང་།
སྙིང་རླུང་ཁོག་ནས་ལྡང་སོང་།
སེམས་ཀྱི་རེ་བཞག་བསུབ་སོང་།
བུ་ང་སྐྱོ་བའི་གདུང་སོང་།
གདུང་འབོད་དབྱངས་རྟ་ཤོར་སོང་།
སེམས་ཚོར་སྙུག་རྩེར་ཟག་སོང་།
རྡ་སའི་རི་ནས་ཤོར་སོང་།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་
སུག་བྲིས་བགྱིས་སོ།། ༢༡༠༢ ༣ ༡༣