མཁས་དབང་ཚ་བ་མདའ་སྨྱུག་མཆོག་གི་འདྲ་དཔར།།
དེང་རབས་ཉེར་གཅིག་པའི་མཁས་དབང་ཚ་བ་མདའ་སྨྱུག་མཆོག་གི་འདྲ་དཔར་ཞིག
༄༅།།ཚ་བ་མདའ་སྨྱུག་མཆོག་གི་མི་གཞི་དྲང་གི་མདའ་མོའི་རྩེ་ལ་སྙིང་སྟོབས་གསེར་གྱི་སྤུ་གྲི་ལ་ཡིད་སྨོན་ཞིག་ཤོར་བ།
དེང་རབས་ཉེར་གཅིག་ནང་གི་མཁས་དབང་ཞིག
མི་རབས་གསར་པའི་ནང་གི་སྙིང་སྟོབས་ཤིག
རྙིང་དོར་གསར་ལེན་ཐུབ་པའི་དཔའ་བོ་ཞིག
མདོ་ཁམས་ཡུལ་དུ་ཕེབས་པར་ངོ་མཚར་ཆེ།།
སྒེར་གཅོད་ཆོས་ལུགས་འོག་གི་མི་རིགས་ལ།
དཔང་རོགས་སྙིང་སྟོབས་མདའ་མོའི་ངར་སྐད་འདི།
རྨོངས་དད་བྲང་ལ་གཏོད་པའི་སྤོབས་པ་ཞིག
ཚ་བའི་སྒང་དུ་འཁྲུངས་པར་ངོ་མཚར་ཆེ།།
རྟོག་གེ་རིག་པའི་དྲང་གི་མདའ་མོ་དེ།
རྨོངས་པའི་མུན་ནག་དཀྱིལ་གྱི་སྒེར་གཅོད་ལ།
འཕེན་པའི་སྙིང་སྟོབས་ཅན་གྱི་མཁས་དབང་ཞིག
སྒང་དྲུག་ཡུལ་དུ་ཕེབས་པར་ངོ་མཚར་ཆེ།།
མཁས་དབང་དགེ་ཆོས་སྒེར་གཅོད་འོག་ཏུ་ཤི།
ཚ་བ་མདའ་སྨྱག་སྒེར་གཅོད་འོག་ནས་བོར།
རྨོངས་པའི་མུན་ནག་ནང་གི་མི་རིགས་ལ།
སྒྲོན་མེ་འབར་དབང་མེད་པར་ཡིད་རེ་སྐྱོ།།