རྡ་སའི་རི་སྟེང་གི་གནས་སྟངས།
དམངས་གཙོ་དམངས་གཙོ་ཟེར་ནས་རྔ་སྒོག་རྡུང་རྡུང་།
དམངས་ཀྱིས་རེ་འབོད་བྱེད་དུས་གཏོར་མ་གཡུག་གཡུག
རྒྱལ་གཅེས་དཔའ་བོ་ཟེར་ནས་སྒོ་ཁྱི་ཟུག་ཟུག
དཔའ་བོའི་ཁ་ཆེམས་སླེབས་དུས་ཁྱི་སྐྱག་གཡུག་གཡུག
སྐད་ཡིག་སྐད་ཡིག་ཟེར་ནས་ཤ་ཕོ་ངུ་ངུ་།
གཞུང་འབྲེལ་ཡིག་ཆ་འབྲི་དུས་ཡུ་མོར་འཛག་འཛག
ཤེས་ཡོན་ཤེས་ཡོན་ཟེར་ནས་བླ་མ་བསྟོད་བསྟོད།
ཤེས་ལྡན་མི་རེ་སླེབས་དུས་དགྲ་བོ་མཐོང་མཐོང་།།
རྒྱུ་འབྲས་རྒྱུ་འབྲས་ཟེར་ནས་རི་བོང་སྡོད་སྡོད།
སྤྱི་དངུལ་ལྐོག་ཟ་བྱེད་དུས་སྤྱང་ཀི་རྒྱུག་རྒྱུག
དྲང་བདེན་དྲང་བདེན་ཟེར་ནས་མདའ་མོ་འཕེན་འཕེན།
ཉམ་ཆུང་ཁྲིམས་ཀྱི་མདུན་དུ་གཞུ་མོ་བཀུག་བཀུག
མི་རིགས་ལ་རྒྱ་ཟེར་ནས་རྒྱ་གླིང་འབུད་འབུད།
རྒྱ་སྒོར་དམར་པོར་མཐོང་དུས་ལྷ་མོ་ཁྲམ་ཁྲམ།།
གཞི་ལུས་བོད་མི་ཟེར་ནས་སྙིང་དུང་འབོད་འབོད།
གཞི་ནས་བྱེས་སུ་སླེབས་དུས་མཆལ་མོར་གཡུག་གཡུག
རྒྱལ་གླུ་རྒྱལ་གླུ་ཟེར་ནས་ཆང་གླུ་ལེན་ལེན།
རྒྱལ་ཁབ་སླར་གསོ་བྱེད་དུས་ཆང་བཟི་འཁྱོར་འཁྱོར།།
ཆིག་སྒྲིལ་ཆིག་སྒྲིལ་ཟེར་ནས་བྱེ་མ་སྤུངས་སྤུངས།
ཆོལ་ཁ་ཆོས་ལུགས་ཐུག་དུས་རྩམ་སྐྱ་གཏོར་གཏོར།། གཉིད་ཡོང་རོགས་མ་བྱེད་ནས་བྲིས།