༄༅།།སྐྱོ་གདུང་ཁྲོད་ཀྱི་མིག་ཆུ་ཤམ་ཤམ།

    ༄༅།།སྐྱོ་གདུང་ཁྲོད་ཀྱི་མིག་ཆུ་ཤམ་ཤམ།

རི་ཆུ་དང་ཁུ་བྱུག་གིས་དབྱངས་སྙན་གྱེར་སའི་ཕ་ས་དེ་དྲན་པའི་ལོ་ཟླ་

སྙིང་ཁོང་ན་འབར་བཞིན། བྱང་མཐའི་འགྲུལ་བཞུད་ང་ཁེར་རྐྱང་གི་

འཚོ་བ་ལ་རོལ་བཞིན་མི་ཡུལ་ལ་སྐྱོ་གདུང་གིས་བཞི་ཤད་འཐེན།

 

ལོ་མང་ངལ་དུབ་ཀྱི་རེ་སྒུག་རེ་རེ་སེམས་ཁོངས་ནས་འཐོར་སྐབས་ཁད་ཀྱིས་

ལྡང་བས་ཚོར་བ་དེས་ང་ཤི་བོར་བྱས། ལྷགས་རླུང་གིས་ཟོས་པའི་ལྡོམ་བུ་ང་གཞན་ཡུལ་ཞིག་ན་སྐྱོ་དུང་དུང་གིས་འཚོ་བ་དམར་པོ་དེས་ལུས་

སེམས་ཀྱི་ལྷིང་འཇགས་སྣང་མེད་དཀྲོགས།  ཁེར་རྐྱང་གི་ལོ་རྒྱུས་དེ་སེམས་ངོགས་ན་བར་མེད་འཕྱོ་བཞིན་

ཆག་གྲུམ་གྱིས་ངའི་སེམས་པ་ཚར་བར་གཤགས།   བུ་ཡུག་དང་སེར་བུའི་ལོ་ཟླ་དེ་ངའི་མགོ་སྟེང་དུ་ཐོལ་གྱིས་ལྡང་།  ངའི་ཁྱིམ་གཞི་དང་ཕུགས་བསམ་

གཏོར་བརླགས་བྱས།  ད་དུང་ཧམ་སེམས་ཀྱི་ཟུངས་ཁྲག་ལུས་ཁམས་ན་

འཁོར་བཞིན་འཁང་ར་དང་མིག་ལོག་བྱས།   སུན་སྣང་གིས་ལོ་ནག་རེ་རེ་སེམས་ངོགས་སུ་ བར་མེད་མཆོང་།ཡོད་ཚོད་འདིའི་རང་བཞིན་ཡིན་པ་གཞི་ནས་རྟོགས་སོང་།  གསེར་སྨྱོན་གྱི་ཤུལ་ལམ་རེ་རེ་ཁ་བ་དང་ཆར་རླུང་གིས་ཟོས། 

  ད་དུང་མི་ཚེའི་ལམ་ཕྲེང་ཀྱག་ཀྱོག་དང་མྱོང་གྲུབ་ཀྱི་ལམ་སྣེ་རིང་མོ་སོགས་འདི་ག་རེད་ཨ་ཧ་ཧ་་་་་་་་་་་་་་་་་་སྐྱོ་ཤེས་དང་སུན་སྣང་གིས་ང་གཅེར་བུ་

ཕུད་དེ་དམར་ཧྲེང་ཧྲེང་བྱས།   ངའི་སུ་ཞིག་ལ་ལབ་གླེང་དང་དམོད་སྔགས་

བྱ་དགོས་སོ།།  ད་དུང་ད་དུང་་་་་་་་་་་་་་་་ད་དུང་་་་་་་་་་་

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་

འབོད་པས་སུན་སྣང་གིས་ལྷགས་རླུང་གྲང་མོ་སེམས་ངོགས་སུ་ 

བར་མེད་འཕྱོ་སྐབས་བཅོས་ལྷད་མ་བྱས་པར་སུག་བྲིས་བགྱིས་སོ།།  ༢༡༠༢   ༣  ༡༥