ཀིརྟི་སྒྲོལ་དཀར་ལྷ་མོ་དང་ཤར་ཁུག་ད་དུང་ཁ་བརྡ་དྲ་ཚིགས།

ནམ་རྒྱུན་ཀུན་གྱིས་མཁྱེན་གསལ་ལྟར་སྤྱི་ཚོགས་ནང་གསལ་ལ་མ་གསལ་བའི་གནས་ཚུལ་ཞིག་ཐོན་མ་ཐག་མི་སེམས་དཀྲོག་པའི་ཁ་བྱང་གཡག་རོ་འདྲ་ཞིག་བཏགས་ནས་ཁ་བརྡ་དྲ་ངོས་ན་འཇོག་རྒྱུ་དེ་རྒྱུན་ལྡན་ཡིན་མོད། དེ་རིང་བུད་མེད་ཚགས་གཙོ་ཀིརྟི་སྒྲོལ་མ་ལྷ་མོས་སྤྱི་རྒྱུ་སྒེར་ཟས་བྱས་པའི་གནས་ཚུལ་དེ་གངས་ཅན་སྐྱིད་གཤོངས་ན་ཡོངས་གྲགས་ཡིན་ནའང་།ཤ་ཁུག་གཉིད་ཁུག་པ་བཞིན་ཁ་བརྡ་ན་ཟུར་ཙམ་ཡང་འགོད་མི་འདུག

ནམ་རྒྱུན་བཀའ་ཁྲི་བློ་བཟང་སེང་གེའི་ལས་དོན་གང་བྱས་ཀྱང་ལོག་འགྲེལ་ལོག་བཤད་བཟོ་ནས་ཁ་བརྡ་ན་འགོད་ཀྱི་ཡོད་ན་ཡང་། ཤར་ཁུག་གིས་གང་ཡང་མི་མཐོང་ཚུལ་བསྟན་པ་དེས་ཁ་བརྡ་དྲ་ཚིགས་ཀྱི་དམིགས་དབེན་དེ་མི་སྒེར་བ་དང་ཚོགས་སྡེ་བྱེ་བྲག་པ་ཞིག་ལ་གཏད་པ་ཡོངས་སུ་གསལ་བ་རེད།

རེད་ལགས། ཁག་མེད། ཤར་ཁུག་ཟེར་བ་དེ་མི་བདེན་པ་དང་དྲང་པོ།མཁས་པ་དེ་འདྲ་ལ་དགའ་མཁན་ཞིག་མ་རེད། ཁོ་ཡི་མིག་ནང་གི་ལྷ་ལྟ་བུ་ནི་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཟླ་བ་ཚེ་རིང་དང་། ཀི་རྟི་སྒྲོལ་དཀར་ལྷ་མོ། གནས་ནས་དབྱུང་པའི་རྨོག་རུ་བསྟན་པ་སོགས་རེད། ཁོས་ནམ་རྒྱུན་མི་དེ་ཚོར་སྐྱོན་ཏིལ་འབྲུ་ཙམ་ཡང་མཐོང་གི་མེད། མི་ཤར་ཁུག་ཁོ་ཡི་མིག་ནང་གི་ནག་ཅན་པ་བཀའ་ཁྲི་བློ་སེང་རེད་།

གང་ལྟར་ཤར་ཁུག་གིས་ག་ཚོད་ཀྱང་ཀིརྟི་སྒྲོལ་དཀར་ལྷ་མོའི་མཚང་དེ་སྦས་མི་ནུས། ཧཧཧཧ