ཕ་མས་ཕྲུ་གུར་ངན་བསླབ་བྱེད་པའི་བྱ་བ་བཅུ་གཉིས།

དང ་པོ།  ཅི་བཤད་ལ་དང་ལེན་བྱེད་པ།

ཕྲུ་གུ་སྐྱེས་ཉིན་ནས་བཟུང་ཕ་མས་ཕྲུ་གུར་ག་རེ་དགོས་ན་སྤྲད་རྐྱང་བྱེད་པ་ཡིན་ཚེ་།  བྱིས་པ་དེ་མ་འོངས་པར་ཆེན་པོ་ཆག་རྗེས་ཀྱང་གཤིས་ཀ་གྱོང་པོའི་ཐོག་ནས་འཇིག་རྟེན་འདིས་ཁོ་རང་ལ་བུ་ལོན་བཞག་ཡོད་པ་ལྟར་བྱེད་ཀྱི་རེད།

གཉིས་པ།   ཕྲུ་གུའི་ཁ་བཙོག་བཤད་པར་གུ་ཡངས་སྤྲད་པ།

ཕྲུ་གུས་ཁ་བཙོག་དང་ཡང་ན་ཁོང་ཁྲོའི་སྐད་ཆ་བཤད་དུས་ཕ་མས་དགོད་མོ་ཤོར་ཙམ་གྱིས་དེ་སྣང་མེད་སྐྱུར་བ་ནི་ཕྲུ་གུས་མ་འོངས་པར་ཁོའི་སྐད་ཆ་དེ་དག་བཟང་པོར་ངོས་འཛེན་བྱེད་ཉེན་ཡོད་ཅིང།  ཁྱོད་ཀྱིས་ཁོའི་ཁ་བཙོག་བཤད་པར་བསྐུལ་འདེད་བྱེད་དེ་སྔར་བའི་མང་བའི་ཁ་བཙོག་བཤད་རྒྱུར་འབད་ཀྱི་རེད།

གསུམ།    ཕྲུ་གུའི་ཁེར་ཚུགས་ཀྱི་བསམ་སྤྱོད་ལ་སྦྱོང་བརྡར་ཁྱོན་ནས་མེད་པ།

ཕ་མས་ཕྲུ་གུ་ཆུང་དུས་ནས་ཁོའི་ཡོངས་རྫོགས་ལ་རོགས་རམ་དང་འགན་སྲུང་བྱེད་རྐྱང་བྱས་པ་ཡིན་ཚེ།  མ་འོངས་ཕྲུ་གུ་ལོ་ཉི་ཤུར་སོན་སྐབས་ཕ་མས་ཕྲུ་གུར་གློ་བུར་དུ་༼སོ་སོས་ཐག་གཅོད་བྱོས་༽ཟེར་ནས་དབང་ཆ་སྤྲད་པ་ཡིན་ན་ཐོར་བྱུང་གི་གནས་སྟངས་འདིར་ཕྲུ་གུ་རྣམས་ཅི་བྱེད་གཏོལ་མེད་དུ་གྱུར་གྱི་རེད།

བཞི། ཕྲུ་གུའི་ནོར་འཕྲུལ་ཁྱོན་ནས་མི་བཤད་པ།

གོང་ལྟར་བྱས་ན་མ་འོངས་པར་ཕྲུ་གུའི་སེམས་ནང་ཉེས་པ་བསགས་པའི་ཚོར་བ་ཤུགས་ཆེ་རུ་འགྲོ་རྒྱུ་དང།  གལ་ཏེ་ང་ཚོས་ནོར་འཕྲུལ་ཟེར་བ་དེ་ཕྲུ་གུའི་སྤྱི་བཏང་གི་ལུགས་བཟང་མིན་པའི་རྩིང་སྤྱོད་ཙམ་ལ་བརྩིས་ཏེ་ཐོག་མཐའ་བར་གསུམ་དུ་ཁོའི་ནོར་འཛོལ་དེ་དག་སྦ་གསང་བྱས་པ་ཡིན་ན།  ཉིན་ཞིག་ཁོས་ཁྲིམས་འགལ་གྱི་བྱ་བ་སྤེལ་ཏེ་ཕ་མས་ཀྱང་སྦ་གསང་མི་ཐུབ་པའི་ཉེས་པ་བསགས་རྗེས།  ཕྲུ་གུའི་སེམས་སུ་ད་དུང་ཡང་གཞན་མི་ཡོངས་རྫོགས་ཀྱིས་ཁོ་རང་དགྲ་རུ་འཛིན་ཞིང་།   མི་གཞན་གྱིས་ཁོ་རང་ལ་གཉའ་གནོན་སྤྲད་པར་ངོས་འཛིན་བྱ་སྲིད།

ལྔ།  ཕ་མས་ཕྲུ་གུའི་ཟང་ཟིང་བཟོས་པའི་ཅ་དངོས་ཡོངས་བསྡུ་རོགས་བྱེད་པ།

ཕ་མ་གཉིས་དོན་དམ་པར་ཕྲུ་གུའི་གཡོག་ལས་ལྟར་ཁོའི་རྗེས་སུ་རྒྱུ་བཞིན་ཕྲུ་གུས་གང་སར་གཡུག་པའི་དེབ་དང་ལྷམ།  གྱོན་གོས་བཙོག་པ་སོགས་བསྡུ་རོགས་བྱེད་པ་དང།  ཕྲུ་གུའི་ཉལ་ཁང་གཙང་སྦྲར་བཟོ་རོགས་བྱེད་པ་སོགས་བྱས་ན།  མ་འོངས་པར་ཕྲུ་གུའི་སོ་སོའི་སྒེར་གྱིས་འགན་དེ་དག་ཁེས་ལེན་མི་བྱེད་པར་ཕ་མའི་བཟང་པོའི་མཉམ་འདུར་དེ་འོས་ཤིང་འཚམས་པའི་བྱ་བར་ངོས་འཛིན་བྱེད་ཀྱི་རེད།

དྲུག   ཕྲུ་གུའི་ལྟོ་ཟས་རིགས་ལ་ཚོད་འཛིན་ཅིའང་མེད་པ།

གཟབ་གཟབ་བྱེད་དགོས་།  ཕ་མས་ཕྲུ་གུའི་ལྟོ་ཟས་བླུགས་སའི་ཕོར་པ་སོགས་གཙང་འཕྲུས་ཟིན་ཏེ་ཕྲུ་གུའི་ཁ་ནས་ཟས་གཙང་མ་ཞིག་ཟ་ཐུབ་ནའང་བསམ་བློའི་ནང་ལ་བླུགས་པའི་ཅ་དངོས་དེ་དག་ཚང་མ་གད་རྙིད་ཕུང་བསགས་བྱས་པ་ལྟར་རེད།

བདུན། ཕ་མས་ཕྲུ་གུའི་མདུན་ནས་ཁ་རྩོད་དང་འཛིང་རས་བྱེད་པ།

དེ་འདྲ་བྱས་ན་མ་འོངས་པར་ཕ་མ་ཁ་ཐོར་སོང་ནས་ཁྱིམ་ཚང་ཐོར་ཞིག་སོང་བའི་རྗེས་སུ།  འོ་ན་ཕ་མས་ཕྲུ་གུའི་ཚོར་བ་བཟང་ངན་གང་ཡང་མེད་པའི་རྣམ་འགྱུར་དེ་དག་ལ་འཛེམས་ཟོན་དང་ཐེ་ཚོམས་ཙམ་ཡང་མ་དགོས་པར་དེ་མུར་བསྡད་ན་འགྲིག་གམ།

བརྒྱད།  ཕ་མ་ཕྲུ་གུའི་དཔལ་འབྱོར་གྱི་རྒྱབ་བརྟེན་གྱུར་བ།

གལ་ཏེ་ཕྲུ་གུས་ལས་སྟབས་བདེའི་ངང་ནས་དངུལ་སྒོར་ལག་ཏུ་རག་ཐུབ་པ་བྱུང་ན།  ཕྲུ་གུས་ཅ་དངོས་ཉོ་བསམ་དུས་ཁོ་ཚོའི་དཔལ་འབྱོར་གྱི་རྒྱབ་རྩ་ལྟ་བུའི་ཕ་མ་ནས་ལེན་ཆོག་ཆོག་ལྟར་གྱུར་བ་དང།  ཕ་མས་དཔལ་འབྱོར་དང་རྒྱུ་ནོར་ནི་སོ་སོའི་ལག་པ་གཉིས་ལ་བརྟེན་ནས་འབད་བརྩོན་བྱེད་དགོས་པའི་སྐོར་མ་བཤད་ན།  ཕྲུ་གུས་དངུལ་འཚོལ་བསྒྲུབ་བྱེད་པའི་དཀའ་ངལ་ཤེས་རྟོག་ཇི་ལྟར་བྱེད།  དེ་བཞིན་ཕྲུ་གུའི་སེམས་ནང་དངུལ་སྒོར་གྱི་སྐོར་ལ་བསམ་བློའི་འཁྱེར་བཟོ་ཡག་པོ་ཞིག་གང་འདྲ་ཡོང་ཐུབ་བམ།

དགུ  ག་རེ་ཟ་འདོད་ན་སྤྲད་རྐྱང་བྱེད་པ།

ཕ་མས་དུས་རྒྱུན་དུ་ཕྲུ་གུའི་འདོད་དོན་སྒྲུབ་རྐྱང་བྱེད་པ་དང།  གལ་ཏེ་ཕ་མས་ཕྲུ་གུའི་རེ་འདུན་ཐེངས་གཅིག་མ་སྒྲུབ་ན་ཕྲུ་གུའི་སེམས་ལ་རྨས་སྐྱོན་དང་དཀའ་ངལ་ཤུགས་ཆེར་བཟོ་ངེས་ཡིན།  དེ་ནི་དངོས་ཡོད་གནས་སྟངས་ཤིག་ཡིན་པ་ང་ཚོས་མཐོང་ཐུབ་ཀྱི་རེད།

བཅུ།   དུས་ནམ་ཡང་ཕྲུ་གུའི་ཕྱོགས་སུ་ལངས་པ།

ཕྲུ་གུའི་ཕྱོགས་སུ་ལངས་ཏེ་སྐད་ཆ་བཤད་པ་དེ་ཡག་པོ་ཡིན་ནའང།  འོ་ན་དུས་ནམ་ཡང་དེ་འདྲ་རྐྱང་རྐྱང་བྱེད་དགོས་ཀྱི་རེད་དམ།  གལ་ཏེ་ཕྲུ་གུས་དངོས་གནས་ནོར་འཕྲུལ་བཟོས་ནའང་དེ་འདྲ་བྱེད་དགོས་ཀྱི་རེད་དམ།   ཁྱོད་ཀྱིས་༼དེ་ནི་མི་གཞན་གྱི་ནོར་འཕྲུལ་རེད་ཁོ་ཚོས་ངའི་ཕྲུ་གུར་ལོག་ལྟ་འཛིན་གྱི་འདུག༽ཅེས་ཁོ་ནར་བསམ་ནས་བསྡད་པ་ཡིན་ན་མ་འོངས་པར་ཕྲུ་གུ་ཆེན་པོར་ཆག་རྗེས་ད་དུང་ཡང་གནད་དོན་ག་ཚོད་བཟོ་སྲིད་ཀྱི་མ་རེད་དམ།  དུས་ནམ་ཡང་ཕྲུ་གུའི་ཕྱོགས་སུ་ལངས་ཏེ་ཁྱིམ་འཚེས་གཉེན་ཉེ་སོགས་དང་དགྲ་ཁ་གཏད་བྱས་པ་ཡིན་ན། དེ་ནི་ཕྲུ་གུ་ཕྱིར་ལོག་མེད་པའི་གཡང་སར་བཏང་བ་དང་གཅིག་མཚུངས་རེད།

བཅུ་གཅིག   ཕྲུ་གུར་ཐབས་ཤེས་ཅིའང་མི་འདུག་ཟེར་ནས་བསྡད་པ།

གལ་ཏེ་ཕྲུ་གུས་སྐྱོན་ཆ་དང་ནོར་འཕྲུལ་ཆེན་པོ་བཟོས་པ་ཡིན་ན།  གལ་ཏེ་ཁྱོད་ཀྱིས་ག་དུས་ཡིན་ཡང་ཕྲུ་གུའི་ནོར་འཕྲུལ་དང་སྐྱོན་ཆ་དེ་ཁ་ལ་འཁྱེར་ནས་ཕ་མའི་འོས་འགན་ལ་གཡོལ་ཐབས་བྱས་ན་མ་འོངས་པར་ཕྲུ་གུ་ཚོས་ཁྱོད་ལ་བརྩི་འཇོག་གང་འདྲ་བྱེད་སྲིད་དམ། གལ་ཏེ་ཕྲུ་གུའི་སེམས་ནང་༼གལ་ཏེ་ཕ་མས་ངའི་ཐད་ཐབས་ཤེས་མེད་སོང་བ་དང།  ངའི་མི་ཚེའི་ནང་ཐབས་ཤེས་རྫོགས་ཟིན་པ་ཡིན་ན་ཡག་ཤོས་རེད།༽ཅེས་དྲན་སྲིད་ཀྱི་མ་རེད་སྙམ་གྱི་མི་འདུག་གམ།

བཅུ་གཉིས།  གལ་ཏེ་གོང་གསལ་ལྟ་བ་ཡོད་མཁན་གྱི་ཕྲུ་གུ་ཞིག་ཡིན་ན།

གལ་ཏེ་གོང་གསལ་གྱི་ལྟ་བ་ཡོད་མཁན་ཕྲུ་གུ་ཞིག་ཡིན་ན་དེ་ནི་ཕ་མའི་གཅེས་ཕྲུག་ཁོ་ནས་གསོ་སྐྱོང་བྱས་པའི་བཟང་པོའི་ཕྲུ་གུ་ཞིག་མིན་པ་ཧ་ཅང་གསལ་པོ་རེད།