འདི་ལ་ཁ་བྱང་གང་ཞིག་བཏགས་དགོས་ངས་མི་ཤེས།

དེ་རིང་ནི་ངས་གྲོགས་པོ་ཡོངས་ལ་ཚིག་ཁ་ཤས་ཤིག་ཞུ་བར་འདོད། ཁྱེད་ཅག་གིས་ཀྱང་

སྙན་གྱི་དབང་པོ་དལ་གཅིག་བདག་ལ་གཡར་བར་ཞུ། དེས་ན་ཁྱེད་ཅག་གིས་ཀྱང་མི་འདིས་

གང་ཞིག་ཞུ་བར་བྲོད་ནས་འདིར་ཡོང་བ་ཡིན་ནམ་སྙམ་པའི་ཚོར་སྣང་ཞིག་སྤྲོད་སྲིད།

 

ཡིན་ན་ཡང་ཁྱེད་ཅག་གིས་ཚོར་མ་མྱོང་བའི་དོན་གསར་བ་དང་གསར་བཏོད་ཀྱི་ལམ་གྱི་ལམ་ཁ་ཆེན་པོ་ཞིག་ངས་རྙེད་ནས་ཁྱེད་ཅག་ལ་དེ་རིང་ངས་འདི་ན་མདུན་བཤམ་གསར་པ་ཞིག་ཇི་ཡང་སྒྲིག་ཏུ་མེད་ལ་རོ་བཅུད་ལྡན་པའི་རིགས་པ་གསར་པའི་ཟས་བྲོ་བ་གསར་པ་ཅནཞིག་ང་ལ་མེད་པ་ཁྱེད་ཅག་གིས་ཀྱང་ཤེས་སླ། ཡིན་ན་ཡང་ཚིག་ཁ་ཤས་གོ་ཟིན་པ་ལ་ཡང་བསྐྱར་དྲན་པ་གསོ་དགོས་པ་ཁ་ཤས་ཡོད་པར་མཐོང་བས་ཡིན།

འོན་ཀྱང་ཁྱེད་ཅག་གིས་ལྟ་ཚུལ་དེ་གང་ཟག་ངའི་ཐོག་ཏུ་བསྐོར་ནས་ད་གཟོད་ཚིག་འདི་ལ་བསམ་མནོ་ཞིག་བཏང་བ་ཡིན་ན་ཁྱེད་ཅག་ལ་ཕན་དུ་མེད་པར་མ་ཟད་ད་དུང་ལ་ཚུར་རྒོལ་གྱི་ལན་ཡང་འདེབས་སྲིད་པ་ཞིག་རེད། དེ་ནི་རང་ཅག་ལ་དུས་ཚོད་སྐྱེད་ཀྱི་དོན་མེད་ཀྱི་ཉི་མ་འཕུད་ཐབས་ཙམ་ལས་དོན་གཞན་ཇི་ཡང་མ་མཆིས།

དེ་མ་ཡིན་པར་དོན་ལ་རྟོན་ནས་ཚིག་འདི་དག་ཚར་གཅིག་ཀློག་ན་རང་ཅག་ཚང་མ་ལ་མཁོ་དངོས་ཤིག་དང་དོན་དུ་འགྱུར་ངེས་ཀྱི་རུམ་བྲོ་ཞིམ་པོ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཇི་ལ་ཡོད། ཚིག་འདི་དག་འདི་ལྟར་བསྒྲིག་ཡོང་བ་མཐོང་རྗེས་ད་ནི་ཁོང་གིས་མཁས་ཉམས་རྫིགས་པོ་ཞིག་བཏོད་ཀྱིན་ཡོད་པའི་རྣམ་པ་ཞིག་ཀྱང་ཁྱེད་ཅག་གིས་བློ་ལ་གོ་སྲིད། དེ་ནི་ཀློག་པ་པོ་ཁྱེད་ཉིད་ཡང་བསྐྱར་གང་ཟག་ལ་ཐེ་བྱུས་བྱེད་པའི་གྲུབ་མཐའ་ངན་པ་དེ་ཡི་ནང་དུ་གཡངས་ལ་ལྷུང་བ་རེད།

དེ་ལྟར་མིན་པར་ཁྱེད་ཉིད་ཀྱིས་རིག་པའི་ལྟ་ཕོ་དེ་ལ་དོན་ལ་སྟོན་པའི་ཐང་ཆེན་ནས་དཀྱུ་ས་བཙལ་ན་ཁྱེད་ཀྱི་རྣམ་དཔྱོད་ཀྱི་འགྲོས་མྱུར་མོ་དེ་བང་འགྲན་པ་སྟོང་གི་སྔ་སོ་ན་སླེབ་པའི་གོ་སྐབས་དེ་ཁྱེད་ལ་ཅིས་ཀྱང་ཡོད་པ་ཡིན། དེ་རྗེས་གཞི་ནས་ཁྱེད་ཀྱིས་བདེ་མོ་ཐང་ལ་རིག་པའི་རྟ་བརྒྱུག་པ་དེ་ཡི་གོ་ཆོད་པ་ཞིག་ཡོང་ངེས་ཤིག་རེད།

ཀློག་པ་པོ་ཁ་ཤས་ཀྱིས་ནི་རྩོམ་པ་སྐད་གྲགས་ཆེན་པོ་ཞིག་ཡིན་པ་ཞིག་གི་བྲིས་པ་ཞིག་མཐོང་བ་ན་ད་གཞི་ནས་ཀློག་འདོད་ཅིག་སྐྱེས་པ་ནི་ཁྱེད་རང་ནོར་འཁྲུལ་གྱི་གཡངས་སུ་འཕྱན་པ་རེད། དེ་ནི་རྩོམ་པ་པོ་སྐད་གྲགས་ཆེན་པོ་ཡིན་པའི་འདུ་ཤེས་དེ་མ་དོར་བའི་ཐོག་ནས་ཀློག་ཚེ་ཁྱེད་ཀྱི་ཀློག་བྱ་དེ་ཡི་དོན་ལ་གོ་བ་་བསྒྲིབ་སྲིད་པ་ཞིག་རེད། རྒྱུ་མཚན་ནི་ཁོང་ནི་མཁས་དབང་དང་རྩོམ་པ་པོ་ཆེན་པོ་ཡིན་པའི་མིང་ཡོད་པས་ཁོང་གིས་འདི་ལྟར་ནོར་བ་ལྟར་བརྗོད་འདུག་ངས་མཐོང་བ་འདི་ངས་ནོར་བ་ཡིན་སྙམ་ནས་ཤིན་ཏུ་ནས་ཀྱང་བླུན་ཞིང་རྨོང་པའི་དད་པ་དེས་ཁྱོད་དུད་འགྲོ་གླེན་ལྐུགས་ཀྱི་གྲལ་དུ་བརྫོང་བ་ཡིན་པ་ལས་མ་འདས་ལ། ཁྱེད་ཀྱི་མི་ཡི་་ལུས་པོ་མ་བརྗེ་བཞིན་དུ་དུད་འགྲོའི་གྲལ་མཐའ་རུ་འགྲོ་འདོད་ཡོད་ན་དམིགས་གསལ་ཡིན་པ་ལས་ད་དུང་མི་ཡི་གྲལ་དུ་འདུག་འདོད་ཡོད་ན་དེ་དག་ལ་བག་གཟོན་དང་གཟོབ་པར་འཚལ།

སངས་རྒྱས་ཀྱིས་ཀྱང་དེ་ལྟར་གསུང་མྱོང་ཡོད་ལ། ཁྱེད་ཅག་གིས་ངའི་ཆོས་ལ་ཀློག་སྐབས་ལེགས་པར་བརྟགས་ནས་ཀློག་དགོས་པ་ལས་གསུང་པ་པོ་སངས་རྒྱས་ཡིན་པས་དད་པ་གཞི་ལ་བཞག་ནས་དཔྱད་པ་མི་བྱེད་པར་མི་རིགས་པར་གསུང་པ་ཁྱེད་ཅག་གིས་ཀྱང་བསླུ་མེད་རྡོ་རྗེ་ཚིག་འདི་མཇལ་མྱོང་ཡོད། དེ་ནི་ཐོས་བསམ་དང་སློབ་པའི་སྐབས་ལ་རིག་པ་དེ་ཇི་ནས་ཀྱང་གལ་ཆེ་བ་དང་དོན་གཙོར་བཟུང་བྱེད་པ་དེ་གལ་ཆེ་བར་གསུང་པཔའི་དོན་དེ་ཡིན་ལ། དེ་བཞིན་དུ་ཐག་ཆོད་རྫེས་ལག་ལེན་དུ་བསྟར་སྐབས་བའི་སྐབས་སུ་དད་པ་གཙོ་ཆེ་བ་ལས་ཡར་འཐེན་མར་འཐེན་མང་པོ་ཞིག་བྱེད་པ་དེ་གལ་འགངས་ཞིག་ཇི་ལ་ཆེ། དེ་ཡི་སྐབས་ཁྱེད་ཀྱི་སྔོན་ཆད་ཀྱི་དད་པ་རྩོམ་པ་པོ་གྲགས་ཆེན་ཡིན་པའི་ཡིད་ཆེས་དེ་སླེབས་ཐུབ་པ་ཞིག་ཇི་ནས་ཀྱང་བྱེད་དགོས་པ་དེ་ནི་གལ་དུ་ཅིས་ཀྱང་ཆེ།

ངས་ད་བར་དུ་ཁྱེད་ཅག་ལ་མང་པོ་ཞིག་བཤད་པ་འདི་དག་གིས་དོན་གང་ཞིག་སྟོན་པ་ཡིན་ཞེ་ན།  མཁས་བརྒྱའི་ཞལ་མཐུན་དུ་གསུང་པར། ཀློག་པ་མང་པོ་བྱེད་པ་དེ་ཡི་སྐབས་སུ་འདིའི་ཀློག་པ་ཡི་དོན་གཙོ་བོ་མ་ཡིན་པར་ཀློག་ཚུལ་ཤེས་པའི་ཐོག་ནས་ཀློག་པ་དེ་ནི་དེ་བས་ཀྱང་གལ་འགང་ཆེ་བ་ཞིག་ཏུ་འཁུམས། ཀློག་ཚུལ་དེ་མ་ཤེས་པ་ཡིན་ན་རང་ཉིད་ཀྱི་རིག་པ་དེ་འཆོལ་བའི་ཉེན་ཁ་ལས་སུས་ཀྱང་སྐྱོབས་ཐབས་མེད། དེ་ནི་ཉེ་ཆར་བྱུང་བཞིན་པའི་རིགས་གསར་བར་ཁས་འཆེ་བ་དག་ལ་ལྟོས་ཤིག་དང་དཔེ་གསལ་པོ་བསྟན་དུ་ཡོད།

ད་དུང་དཔེ་གཞན་པ་ཞིག་ལ་རྐུ་བྱེད་པ་ལས་རྐུ་ཚུལ་གཙོ་བོ་ཡང་ཡིན་པ་ཁྱེད་ཅག་ལ་ཉེ་ཆར་བྱུང་བའི་དོན་རྐྱེན་ཞིག་ལས་ར་འཕྲོད་ཡོད་ངེས། གལ་སྲིད་རྐུ་ཚུལ་ཡག་པོ་ཞིག་ཤེས་པ་གཞི་ལ་བཞག་པའི་ཐོག་ནས་བརྐུས་པ་ཡིན་ན་སུས་ཀྱང་མི་དེ་རྐུན་མ་ཡིན་པར་ངོས་མི་ཟིན་པ་ཞིག་མི་ཡོང་བར་མ་ཟད་བརྐུ་བྱའི་ནོར་དེ་ཡང་ལྷོད་ཀྱིས་བེད་དུ་སྤྱོད་རྒྱུ་ཡོད་ལ།ཚུལ་འདི་མ་ཤེས་པས་རང་ཉིད་ཕུང་ལ་སྦྱོར་ཚུལ་འདི་ལ་གཅིག་ལྟོས་དང་།

ད་དུང་ཡང་རང་གི་ཉམས་མྱོང་ལ་གཞིགས་ནས་བཤད་ན་དེ་བས་ཀྱང་སློབ་སྦྱོང་དེ་ཡང་སློབ་ཚུལ་ཡང་དག་པ་ཤེས་པའི་ཐོག་ནས་བསླབ་ན་ཉི་མ་རེ་རེ་བཞིན་ཡར་རྒྱས་ཀྱི་རྣམ་པ་མཐོང་རྒྱུད་ཡོད་པ་ཞིག་ཡིན་པས་ཚུལ་འདི་དག་མཐོང་ནས་འདི་དག་ནི་རང་གི་ཁྱེད་ཅག་ལ་གློ་ཉལ་གྱི་སྐད་ཆ་ཙམ་ཞིག་ཡིན་པ་ལས་ནང་དོན་གྱི་རིན་ཐང་མེད་།

འདི་དག་གིས་ཤེས་རིགས་དང་ཀུན་སྤྱོད་གཉིས་ཀྱི་ནང་ནས་གང་ཞིག་གལ་ཆེ་བར་བསྟན་པ་ཡང་ཡིན་པས་ང་ལྟར་ན་ཤེས་ཡོན་དང་ཀུན་སྤྱོད་གཉིས་ལས་ཀུན་སྤྱོད་གཙོ་བོར་འཛིན་པའི་གྲལ་མཐའ་རུ་འཚང་ཁ་རྒྱག་འདོད་ཡོད་པས་ཡིན་ཡང་

ཁྱེད་ཅག་ན་ངའི་རྗེས་ལུས་ཀྱི་ལམ་ཁ་དེ་མི་འཛིན་པར་ཁྱེད་ཅག་ནི་ཤེས་ཡོན་པའི་སྡེ་ལ་བུད་ནས་ཧམ་མཆོང་རྐྱང་རྐྱང་གིས་རྒྱུག་དང་ནམ་ཞིག་འཇུ་ས་དང་སྤར་ས་མེད་པའི་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་ཚོར་སྣང་ཞིག་ོང་ཞིག་ལ་སླེབས་སྲིད་། དེ་ཡི་དུས་ཀྱི་ཁྱེད་རང་ནི་རང་ཉིང་མི་མཐོང་བར་གཞན་གྱི་རྐྱོན་རྐྱང་རྐྱང་གླེང་ནས་འདུག་དགོས་པའི་ཉི་མ་ལྗང་ཁུ་ཞི་ཁྱེད་ཀྱིས་མགོ་ཐོག་ནས་ཤར་ཡོང། དེ་དུས་་ཁྱེད་སྤྱི་ཚོགས་བུད་རན་པ་ཡིན་པས་འགྲོ་བའི་ལྟ་གོན་ཡང་གྱིས་ཤིག   

ཡིན་ན་ཡང་དེ་དུས་སྤྱི་ཚོགས་འདི་དང་ཁ་འབྲལ་འདོད་མེད་པའི་ཚོར་སྣང་དྲག་པོ་ཞིག་སླེབ་སྲིད། དེ་ཡི་དུས་སུ་གཞི་ནས་ཁྱེད་ཉིད་ལ་གཞི་ནས་ཀུན་སྤྱོད་དགོས་མཁོ་ཤིག་མཐོང་ཡོང། རྒྱུ་མཚན་ནི་དུས་རབ་འདི་ཀུན་སྤྱོད་ཀྱིས་ཕང་ནས་ཡོད་པ་ལས་ཤེས་ཡོན་ཀྱིས་ཕངས་ནས་ལྷག་མེད་། དེ་ནི་འཛམ་གླིང་ཧྲིལ་པོར་དཀའ་ངལ་ཚང་མ་ཀུན་སྤྱོད་ཀྱིས་མ་འདངས་པའི་དཀའ་ངལ་ཡིན་པ་ལས་ཤེས་རིག་གི་མ་འདངས་པ་ནི་ཇི་ལ་ཡིན།  ད་ངས་བཤད་ཚར་སོང། མཇུག་སྡུད་བྱེད་མི་ཤེས་ལགས། རྒྱུ་མཚན་ནི་དུས་རབ་འདི་ལ་ཀུན་སྤྱོད་མེད་ལ་མཇུག་སྡུད་བྱེད་ཀྱང་ཆོག་ལ་མ་བྱས་ཀྱང་ཆོག རང་དབང་ལུང་པ་ལ་ཡོད་པ་རེད་ཟེར་བ་སོགས་མ་འབྲེལ་བའི་ཚིགས་འགའ་ཤས་ཀྱི་ཐོག་ནས་མཇུག་བསྡུས་པའོ།