༧གོང་ས་མཆོག་གིས་རྒྱ་གར་དཔོན་རིགས་ལ་ལྐོག་ཟ་མི་རུང་བའི་བཀའ་སློབ་གནང་ཀྱང་།

ཉེ་ཆར་བོད་ཀྱི་བུད་མེད་ཚོགས་གཙོས་སྤྱི་དངུལ་ལྐོག་དངུལ་ཟོས་བྱས་ནས། བརྒྱུད་ལམ་ཁག་ནས་ཉིན་མང་པོ་ཞིག་ལ་གསར་འགྱུར་སྤེལ་མེད་པ་དང། དེའི་ཐད་ལ་ཟིན་བྲིས་པ་མང་པོས་བསམ་ཚུལ་ཤུགས་ཆེན་འདོན་འདུག  ཁ་སང་བུད་མེད་ཚོགས་པས་ཚོགས་ཆེན་ཐོགས་གསར་བསྒྲགས་བྱས་པ་དང་། གཞི་ནས་དྲ་ལམ་གསར་འགྱུར་ཁག་ན་མཐོང་རྒྱུ་འདུག། དེའི་སྔོན་ལ་མི་བོ་ཆེ་ཚོ་ལ་ས་འོག་དར་ཐག་འཐེན་ནས་ལྐོག་སྦས་བྱེད་པའི་ཐབས་ཤེས་ཡོད་དགུ་བདོན་ནས་རྒྱ་ནག་གིས་དེ་བེད་སྤྱད་ནས་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་ཆགས་སྲིད་ཀྱི་རེད་ཟེར་ཕྱི་ལ་མ་གྱལ་བའི་སྡུག་འབད་བྱས་ཀྱང།

ད་ལྟ་ཀུན་ལ་ཕྱི་གསལ་ནང་གསལ་དུ་སོང་བ་རེ། ༧གོང་ས་མཆོག་གིས་རྒྱ་གར་དཔོན་རིགས་ལ་སྤྱི་རྒྱུ་ལྐོག་ཟ་མི་རུང་བའི་བཀའ་སློབ་དེ་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ལ་གསུང་རྒྱུ་ཕྱི་མེད་ན་སྔ་མེད་པ་ཁོ་ཐག་རེད། སྤྱི་རྒྱུ་ཟེར་བ་དེ་དངུལ་གཅིག་པུ་མ་ཡིན་པར། ས་ཁང་དང་ཚོགས་པའི་དབང་ཆ་སོགས་ལ་དགོས།