ཧུའུ་ཅིང་ཐོ་དང་ཝོན་ཅ་པོ། ཞིའི་ཅིང་ཧྥིང་བཅས་ཀྱི་མ་འོངས་པའི་ཉེན་ཁ།
ཧུའུ་ཅིང་ཐོ་དང་ཝོན་ཅ་པོ། ཞི་ཅིང་ཧྥིང་ཕྱོགས་ནས་རྒྱ་ནག་ཁྲོང་ཆིང་གི་ འགོ་གཙོ་པོ་ཞི་ལེ་དབང་ཆའི་ཐོག་ནས་སར་གཡུག་པར་ངོ་རྒོལ་དང་རྒྱབ་སྐྱོར་བྱེད་ མཁན་སུ་ཡིན་མིན་ཞིབ་ཕྲར་དཔྱད་ན། དམིགས་བསལ་དུ་དྲ་རྒྱའི་གླེང་ཕྱོགས་ལ་ལྟས་ ན། པོ་ཞི་ལེར་སྙིང་རྗེ་སྐྱེས་ཏེ་ཧུའུ་། ཝོན། ཞི་སོགས་ལ་དམའ་འབེབས་བྱེད་ མཁན་མང། ད་དུང་དེའི་ནང་མོའི་ཙེ་ཏུང་ལ་དུང་བའི་གཡོན་ཕྱོགས་པ་། ད་དུང་དམར་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་བཅས་ཚུད་ཡོད།
དེ་མིན་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་དམར་ཤོག་ལ་དགའ་མཁན་དག་རེད། པོ་ཞི་ལེའི་དབང་ཆ་ཤོར་བར་དགའ་འབོད་དང་ཧུའུ་ཅིང་ཐོ་སོགས་ལ་རྒྱབ་སྐྱོར་བྱེད་མཁན་ཕྱེད་གསལ་ཕྱེད་མི་གསལ་བའི་རྣམ་པ་ཞིག་ ཀྱང་ཡོད། དེ་མིན་རྒྱའི་ཕྱི་ནང་རང་དབང་གི་ཤེས་ཡོན་ཅན་དང་དམངས་གཙོ་ལས་འགུལ་བ། དེ་མིན་ཆོས་འཁོར་སྒོམ་སྒྲུབ་བཅས་དང། སྤྱི་ཚོགས་ལ་བཅོས་བསྒྱུར་ཞིག་ཡོང་རེ་བཅངས་པའི་མི་མང་རྣམས་ཀྱིས་པོ་ཞི་ལེའི་དབང་ཆ་ཤོར་བའི་གནས་ཚུལ་དེར་མོས་ གུས་བྱེད་བཞིན་ཡོད་པ་རེད།
སྨྱུག་ཐོགས་པ་བདག་གིས་བསམ་ན་པོ་ཞི་ལེའི་དབང་ཆ་ཤོར་བ་དེ་ནི་རྒྱ་ནག་གི་རང་ དབང་ཤེས་ཡོན་ཅན་རྣམས་དང་དམར་ཤོག་དབང་འཛིན་པ་འགའ་ཤེས་ཀྱི་ཕྱི་ནང་ཕྱོགས་གཉིས་ ནས་འབད་བརྩོན་བྱས་པའི་བསམ་པའི་ཐོག་ནས་གྲུབ་འབྲས་བྱུང་བ་ཞིག་ལས། སྒྲིག་འཛུགས་རང་ངོས་ཀྱི་བྱས་རྗེས་ཤིག་ལ་བརྩི་ཡི་མེད། ལོ་མང་རིང་རྒྱ་ཕྱི་ནང་གི་རང་ དབང་ཤེས་ལྡན་པ་ཚོས་པོ་ཞི་ལེར་རྡུང་རྡེག་བཏང་བའི་གནས་སྟངས་ལ་ཐེ་ཚོམས་ དང་། པོ་ཞི་ལེའི་དམར་གླུ་གཏོང་བའི་བྱ་བ་དེ་དག་ལ་ཁ་རྡུང་རུབ་རྡུང་བྱས་པའི་བྱུང་འབྲས་ལ་བརྟེན་ནས་པོ་ཞི་ལེའི་དབང་ཆ་ཤོར་དགོས་པའི་ནུས་ལྡན་གྱི་རྒྱབ་ལྗོངས་ཤིག་གྱུར་ཡོད་པ་རེད། པོ་ཞི་ལེའི་སྐད་ཆ་ལྟར་ན་དེ་ནི་༼དགྲ་ཕྱོགས་ཀྱི་ནུས་ཤུགས་དེ་ཚོས་གསར་འགྱུར་དང་གླེང་ཕྱོགས་ལ་ཆེད་དུ་རྩལ་བཏོན་ཏེ་ནུས་པ་འདོན་བཞིན་ཡོད། ང་ཚོའི་ཕྱོགས་ལ་གནད་དོན་ཏོག་ཙམ་བྱུང་མ་ཐག་མི་དེ་དག་གིས་གང་བྱུང་བཤད་གང་ཐུབ་ཀྱིས་མ་ཉེས་ཁག་གཡོག་ལ་འབད་ཀྱི་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་མི་སེམས་དཀྲུག་ཐབས་ཆེད་དུ་རེད། གཡུལ་ས་འདི་ནི་ཕྱིར་མི་མངོན་པ་ཞིག་དང་འབད་བརྩོད་ནི་རྣོ་ངར་ཅན་ཞིག་ རེད།༽ཅེས་བཤད་པ་ལྟར་རེད།
དེར་བརྟེན་ཧུའུ་ཅིང་ཐོ་དང་ཝོན་ཅ་པོ། ཞི་ཅིང་ཧྥིང་སོགས་ཀྱིས་པོ་ཞི་ལེར་རྡུང་རྡེག་གཏོང་བའི་རྒྱབ་སྐྱོར་གྱི་ནུས་ཤུགས་གཙོ་བོ་དེ་དམར་ཤོག་ནང་ཁུལ་ནས་བྱུང་བ་མ་ཡིན་པར་དམར་ཤོག་ཚོགས་པའི་ཕྱི་ཕྱོགས་ནས་ཡོང་གི་ཡོད་པ་རེད། དེ་བས་ དམར་ཤོག་ཚོགས་པའི་རང་ངོས་ནས་རྒྱབ་སྐྱོར་བྱུང་བ་མ་ཡིན་པར་༼དགྲ་ཕྱོགས་ཀྱི་ ནུས་ཤུགས་༽ཟེར་བའི་ཕྱོགས་ནས་ཡོང་གི་ཡོད་པ་རེད། དེར་འགྲེལ་བརྗོད་བྱེད་ཁག་པོ་ཞིག་མིན། གང་ཡིན་ཟེར་ན་པོ་ཞི་ལེའི་དབང་ཆ་ཤོར་ རྗེས་ཧུའུ་ཅིང་ཐོ་སོགས་ལ་འགུལ་ཤུགས་ཆེན་པོ་ཐེབས་ཡོད་པ་མ་ཡིན་ནམ། ཁོ་ཚོས་ དེ་ནི་གཡོན་ཕྱོགས་ནས་སླེབས་པའི་ནུས་ཤུགས་གཅིག་ལ་ངོས་འཛེན་བྱེད་པ་དེ་ནི་ཅུང་ གསལ་ཁ་མ་དོད་པའི་གནས་སྟངས་ཤིག་རེད། དོན་དངོས་ཐོག་དེ་ནི་དམར་ཤོག་ཚོགས་པ་ནང་ ཁུལ་ནུས་ཤུགས་ངེས་ཅན་གྱིས་ཤུགས་རྐྱེན་ཐེབས་པ་ཡིན་ཟེར་ན་དེ་བས་འཚམས་པོ་ཞིག་རེད། རྒྱལ་ཡོངས་དང་དམག་ཡོངས་ཀྱི་གཙོ་འཛིན་ཧུའུ་ཅིང་ཐོ་དབུས་པའི་དམར་ཤོག་ འོག་༼མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་༽དགོས་པའི་རྒྱུ་མཚན་ཡང་དོན་དངོས་ཐོག་ དམར་ཤོག་ནང་ཁུལ་གྱི་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་པ་མཚོན་ཐུབ་ཡོད། གཞི་རིམ་ དཔོན་བློན་རྣམས་ཀྱིས་༼དམར་ཤོག་དབུས་གཞུང་དང་ཚད་མཐོའི་གཅིག་བསྒྲིལ་༽དགོས་ པའི་རེ་འདུན་བཏོན་པ་དེས་དམར་ཤོག་ནང་གི་དབང་ཆ་འཐབ་རྩོད་དང་ལངས་ཕྱོགས་འཐབ་ རྩོད་གསལ་དུ་འགྲོ་བཞིན་པ་ཕྱིར་མངོན་ཡོད་།
ཧུའུ་སོགས་ཀྱིས་གལ་ཏེ་དམར་ཤོག་ནང་ཁུལ་ཁོ་ནར་བལྟས་བསྡད་ན་པོ་ཞི་ལེ་དབང་ཆ་ནས་ ཕྱི་ཕུད་བཏང་བའི་བྱ་བ་དེས་མ་འོངས་པར་ཉེན་ཁ་ཆེན་པོ་བཟོ་སྲིད། གང་ཡིན་ཟེར་ན་མི་མང་འཐུས་ཚོགས་སྐབས་བཅོ་བརྒྱད་པའི་རྗེས་ཧུའུ་སོགས་མི་སྣ་ཚོས་དབང་ཆ་རྩིས་ སྤྲོད་ཚར་ནས་རྒས་ཡོལ་ཞུས་ཟིན་ཞིང། ད་ལྟའི་སྒྲིག་སྲོལ་འདི་ལ་འགྱུར་བ་མ་ འབྱུང་ཚེ་མ་འོངས་པར་དམར་ཤོག་ནས་གཡོན་ཐལ་དང་། ཡང་ན་མོའོ་ཙེ་ཏུང་ལ་དུང་བའི་གཡོན་ཐལ་ཕྱོགས་རྟོགས་ཚོས་སླར་ཡང་རོ་ལངས་རྒྱག་སྲིད་པ་རེད། པོ་ཞི་ལེ་མི་གཅིག་མར་ལྷུང་ཡང་ཁོ་དང་འདྲ་བའི་མི་མང་པོ་ཞིག་གློ་བུར་དུ་ཡར་ལངས་སྲིད་པ་རེད། གལ་སྲིད་གཡོན་ཐལ་དང་མོའོ་ལ་དགའ་བའི་གཡོན་ཐལ་པ་ཚོར་སླར་ཡང་རྒྱབ་སྐྱོར་ དང་ནུས་ཤུགས་རག་པ་ཡིན་ན་ད་ལྟའི་ཆར་པོ་ཞི་ལེ་གཅིག་མར་ལྷུང་བ་ཡིན་ཡང་སླར་པོ་ ཞི་ལེ་ལྟ་བུའི་མི་མང་པོ་ཡར་ལངས་སྲིད་པ་རེད། གལ་ཏེ་གཡོན་ཕྱོགས་པ་ཚོར་དབང་ ཤུགས་ཐོབ་པའི་དུས་ནས་བཟུང་རྒས་ཡོལ་ཞུས་ཟིན་པའི་ཧུའུ་དང་ཝོན་སོགས་ལའང་དགྲ་ཁ་གཏད་ཀྱིས་ནག་ཉེས་བརྩིས་རྒྱག་པའི་དུས་ཤིག་འཆར་སྲིད་ཅིང་གོད་ཆག་གི་གནས་ཚུལ་ ཞིག་ཅི་ནས་ཀྱང་འགོག་ཐབས་མེད་པ་རེད། ད་ལྟའི་དུས་འདིར་ཧུའུ་ཅིང་ཐོ་སོགས་ཀྱིས་ངེས་པར་དུ་གོམ་གང་མདུན་སྤོས་ཀྱིས་ དམར་ཤོག་ཚོགས་པ་རང་ངོས་ནས་ཐོད་བརྒལ་དང་དམངས་ཕྲོད་ནས་བརྒལ་ཏེ་ཆབ་སྲིད་ཀྱི་ སྒྲོམ་གཞིར་བཅོས་བསྒྱུར་གཏོང་ནས་རང་ངོས་ནས་བཅོས་བསྒྱུར་གྱི་ནུས་ཤུགས་དེ་དང་དམངས་ཀྱི་ནུས་ཤུགས་གཉིས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་སྤྱི་ཚོགས་ཐོག་བརྡབ་བསིགས་ ཆེར་མི་དགོས་པའི་སྒོ་ནས་ཞི་བའི་དུས་འགྱུར་ཞིག་འགོ་བརྩམས་དགོས།
དཔེར་ན་འབར་མའི་ཆབ་སྲིད་བཅོས་བསྒྱུར་གྱི་རྣམ་པ་ལྟ་བུ་རེད། དེ་འདྲ་བྱུང་ན་རྒྱལ་ཁབ་དང་ དམངས་ལ་ཕན་པ་མ་ཟད། ཧུའུ་ཅིང་ཐོ་དང་ཝོན་ཅ་པོ་སྒེར་ལའང་ཕན་གྱི་རེད། དེ་བས་ འགེགས་མེད་ཀྱིས་རྒས་ཡོལ་ཞུས་ནས་བདེ་ལྡན་གྱི་ཚེ་མཇུག་ཅིག་རོལ་ནས་བསྡད་ཆོག ཤེས་དགོས་པ་ཞིག་ལ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདིས་གཡོན་ཕྱོགས་ཚོ་ གསོན་གནས་དང་དར་རྒྱས་གཏོང་ཐབས་ལ་ཕན་ནུས་ཐོན་བཞིན་ཡོད། གང་གིས་ཟེར་ན་ཁོ་ཚོ་ ནི་ད་ལྟའི་རྒྱ་ནག་གི་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ལམ་ལུགས་འོག་གི་ལུགས་ མཐུན་དང་ཁྲིམས་མཐུན། དེ་བཞིན་སྐད་གསང་མཐོན་པོས་འབོད་སྒྲ་སྒྲོག་ཅིང་འཛེམས་ ཟོན་མི་དགོས་པའི་ཕྱོགས་ཤིག་རེད། དེ་ལས་ལྡོག་སྟེ་ད་ལྟའི་ཆབ་སྲིད་ལམ་ལུགས་ལ་ ངོས་འཛིན་བྱས་པའི་༼དགྲ་ཕྱོགས་ཀྱི་ནུས་ཤུགས་༽ཟེར་བའི་རང་དབང་ཅན་གྱི་ཕྱོགས་ལ་ ༼ཁྲིམས་མཐུན་གྱི་སྒོ་ནས་༽གཉའ་གནོན་མྱོང་གི་རེད།
གལ་ཏེ་ཆབ་སྲིད་ལམ་ལུགས་སྐྱར་ཟློས་བྱས་ན་ལྡོག་ཕྱོགས་ཀྱི་གནས་སྟངས་ཤིག་ཡོང་ གི་རེད། དེའང་རང་དབང་རིང་ལུགས་པ་དང་དམངས་ཕྲོད་ཀྱི་བཅོས་བསྒྱུར་པའི་ནུས་ ཤུགས་ལ་གལ་ཏེ་ཁྲིམས་མཐུན་གྱི་དབང་ཆ་ཞིག་ཐོབ་ཚེ་དུས་ཡུན་ནང་དེའི་ནུས་ཤུགས་ དར་རྒྱས་དང་སྤྱི་ཚོགས་ཀྱི་ལྟེ་བའི་ནུས་སྟོབས་ཤིག་འགྱུར་ངེས། སྐབས་དེར་ གཡོན་ཕྱོགས་དང་མོའོ་ཙེ་ཏུང་གི་རྗེས་འབྲངས་པའི་གཡོན་ཕྱོགས་པར་ཁོ་ཚོའི་སྐད་ སྒྲ་ཡོད་སྲིད་ཀྱང་དེའི་ནུས་ཤུགས་ཉམས་དམས་སོང་སྟེ་རིམ་གྱིས་ནུས་མེད་གྱུར་ སྲིད་པ་རེད། པོ་ཞི་ལེའི་དབང་ཆ་ཤོར་རྗེས་ཧུའུ་དང་ཝོན་གྱིས་སྲིད་དབང་དེ་སྔོན་ཆུང་ཙག་གི་ བྱ་འགུལ་ཡོད་མྱོང། དེ་སྔོན་དུས་ཡུན་གྱིས་རྒྱ་ནག་གི་གཙོ་དཔོན་ཧུའུ་ཡོ་པང་དང་ ཀྲའོ་ཙི་ཡང། དེ་བཞིན་དྲུག་བཞི་དོན་རྐྱེན་གྱི་གནད་དོན་ཐད་བཀག་འགོག་བྱས་ཏེ་ ཕྱིའི་རྒྱལ་ཁབ་ཀྱི་གསར་ལམ་ཁག་ཏུ་ཝོན་ཅ་པོས་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ དྲུག་བཞི་དོན་རྐྱེན་ལ་དག་སེལ་གཏོང་གི་ཡོད་ལུགས་ཕྱིར་གྱར་ཡོད་པ་རེད། ༼དྭངས་ གསལ་དུས་ཚིགས་༽སྐབས་ཀྱི་སྔ་ཉིན་མོར་སྲིད་གཞུང་ཕྱོགས་ཀྱི་གསར་ལམ་ཁག་གིས་༼ ཧུའུ་ཡོ་པང་གདུང་སའི་མདུན་གྱི་དྭངས་གསལ་དུས་ཚིགས་༽ཅེས་པའི་རྩོམ་ཡིག་ཅིག་ སྤེལ་ཡོད། གནས་སྟངས་འདི་དག་ལ་བརྟེན་ནས་ཕྱི་ཕྱོགས་ནས་ཧུའུ་དང་ཝོན་གྱིས་༼ཆབ་སྲིད་བཅོས་ བསྒྱུར་༽གཏོང་བའི་སྔོན་བརྡ་ཞིག་ལ་ངོས་འཛིན་བྱས་ཡོད། འོན་ཀྱང་ཟླ་༤ཚེས་༡༥ ཉིན་ནི་ཧུའུ་ཡོ་པང་འདས་གྲོངས་སོང་ནས་ལོ་ངོ་ཧྲིལ་པོ་༢༣་སོང་བའི་མྱ་ངན་གྱི་ དུས་ཚོད་ཡིན་ཡང་པེ་ཅིང་སྲིད་གཞུང་ཕྱོགས་ནས་རྗེས་དྲན་གྱི་གོ་བསྒྲིག་གང་ཡང་ མེད་པའི་རྣམ་པ་ཞིག་ཕྱིར་མངོན་ཡོད། དེ་ནི་སྔོན་གྱི་དུས་སུ་བྱ་བའི་ཁ་ཕྱོགས་ དང་ཁྱོན་ནས་མི་མཚུངས་པ་ཞིག་རེད། ཡིན་ཡང་ཉིན་དེར་ཝོན་ཅ་པོས་༼བདེན་འཚོལ།༽དུས་དེབ་ཐོག་དབང་ཆ་ཁ་གསལ་གདིང་གསལ་ བྱ་དགོས།་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད། ལ་ལས་དེ་ནི་ཧུའུ་ཡོ་པང་གི་མྱ་ངན་ དུས་དྲན་དང་དུས་ཚོད་གཅིག་མཚུངས་ཡིན་པར་ངོས་འཛིན་བྱས།
འོན་ཀྱང་དེ་ཙམ་གྱིས་གནས་ཚུལ་དེ་ཕྱིར་གྲགས་པའི་ནུས་པ་ཆུང་དྲག་སོང། ཝོན་ཅ་པོའི་རྩོམ་ཡོངས་ཀྱི་ནང་ དོན་ལ་ལྟས་པ་ཡིན་ན་༼ལྐོགས་ཟ་རུལ་སྲུང་ལ་རྒོལ་ཞིང་ཡ་རབས་དང་གསལ་༽ཡོང་བའི་ རྒྱུན་གཏན་གྱི་དོན་ཙམ་ལས་བརྡ་ལེན་གཞན་གང་ཡང་སྤྲད་མེད། པོ་ཞི་ལེར་ཐག་གཅོད་ བྱེད་པ་དེ་༼ལྐོགས་ཟ་རུལ་སྲུང་ཕམ་ཉེས་གཏོང་བའི་༽མིང་ཐོག་ནས་སྤེལ་བ་ཙམ་ ཡིན། དེ་དང་ཟླ་༣ཚེས་༡༤ཉིན་ཝོན་ཅ་པོས་གསར་འགོད་ལྷན་ཚོགས་ཐོག་གི་སྐད་ཆ་དེས་ ལམ་སེང་ཕྱིར་འཐེན་བྱས་ཡོད་པར་འདི་ལྟར་ཏེ། ལམ་ལུགས་ཀྱི་འཐབ་རྩོད་ཐོག་ནས་པོ་ ཞི་ལེར་རྡུང་རྡེག་གཏོང་བའི་སྐོར་འཆད་རྒྱུ་མིན། ཟེར། འགྲེལ་བརྗོད་བྱེད་ སྟངས་དེ་འདྲ་ནི་རྒྱ་ནག་དམར་ཤོག་མ་འོངས་པར་ཁ་ཕྱོགས་གང་འདྲ་ཞིག་གདམ་ཁ་རྒྱག་ གི་ཡོད་མེད་དང་ཆབ་སྲིད་བཅོས་བསྒྱུར་བྱ་མིན། དེ་བཞིན་ཇི་ལྟར་དགོས་མིན་བཅས་ལ་ རག་ལུས་ཡོད།
ད་ཐེངས་༼ཆབ་སྲིད་བཅོས་བསྒྱུར་༽ཟེར་བའི་ཁ་ཕྱོགས་ཀྱི་སླར་ཡང་ཕྱིར་འཐེན་བྱས་ པའི་གནས་སྟངས་འདིའི་ཐོག་ནས་ལྟས་ན་དེ་ནི་ཧུའུ་ཅིང་ཐོ་སོམ་ཉིའི་ཐོག་གནས་པའི་ དབང་གིས་ཡིན་སྲིད། ཧུའུ་ཅིང་ཐོའི་ཐག་མི་ཆོད་པའི་རང་གཤིས་དེས་དམར་ཤོག་ལ་ བསྐྱར་དུ་ཆབ་སྲིད་བཅོས་སྒྱུར་གྱི་གོ་སྐབས་བཟང་པོ་འདི་འདྲ་ཞིག་བོར་བརླག་སོང་ ཡོད་པ་རེད། ལེན་དགོས་པ་དེ་མ་ལོན་པའི་དབང་གིས་དེའི་གནོན་སྐྱོན་ཐེབས་པའི་དཔེ་ ལྟར་མ་འོངས་པར་ཧུའུ་ཅིང་ཐོ་དང་ཝོན་ཅ་པོར་ཆབ་སྲིད་ཀྱི་རྡུང་རྡེག་ཕོག་སྐབས་ གནད་དོན་འདིའི་ཐོག་ནས་ཡོང་ངེས་ཡིན་ལ། ཐག་གཅོད་དགོས་པའི་སྐབས་ལ་ཐེ་ཚོམས་ ཀྱིས་གནས་པ་འདིས་མ་འོངས་པར་རྒྱ་ནག་ཟིང་ཆ་ཆེན་པོར་ལྷུང་དུས་ཀྱང་རྒྱུ་མཚན་ འདི་དང་ཁ་བྲལ་ཐབས་མེད་པ་རེད།