༄༅།། ཁྱིམ་གཞིས་ལ་རླུང་བུས་ན་ཟུག་བསླངས།

༄༅།།   ཁྱིམ་གཞིས་ལ་རླུང་བུས་ན་ཟུག་བསླངས། 

གཙང་གཞུང་གི་རྣམ་ཤེས་ཁྲི་ཕྲག་མང་པོའི་ཁྱེད་ཀྱིས་

ཆེད་དུ་སྤྱན་ཆབ་བསིལ། གྲོག་ཆུའི་གཙང་འགྲམ་གྱི་ཕ་བོང་ལ་ཡོད་ཚོད་

གསང་བ་སྦས། 

མགོ་སྟེང་གི་སྐར་ཚོགས་བཞུར་བའི་ཤུལ་ལམ་ན་

མིག་ཆུ་ལྐོག་མིད་ཤོར།  རུས་རྐང་གི་གསེབ་ན་བཞུར་བའི་སྐྱོ་སྣང་གི་

དུང་བ་རེ་རེ་ཁ་རུ་ལུད།  མུན་ཁྲོད་ན་འུག་ཚོགས་ཀྱིས་ཅག་སྒྲ་སྔར་ལས་གཟན།  ཡིད་གདུང་གི་ཚོར་བ་སྐྱུར་མོ་རེ་རེ།

བྲང་གཞུང་ནས་ཁྲག་རྩའི་གསེབ་ལ་ཁད་ཀྱིས་འཐིམས།

སེམས་ཀྱི་སྐྱོ་སྣང་དང་སུན་སྣང་གི་ལོ་ཟླ་གཉིས་མཉམ་དུ་བསྡེབས་བཞིན།

ཁྱིམ་གཞིས་ལ་རླུང་བུས་ན་ཟུག་བསླངས།  

  ཁ་བའི་རྣམ་ཤེས་དང་འབྱུང་འགྱུར་ལོ་རྒྱུས་སོགས་

སྨག་རུམ་གྱི་ཀློང་དུ་བསྡུས་་་་་་་་་་་་་ད་དུང་་་་་་་་་་་་་་་་་་་་

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་

འབོད་པས་སུག་བྲིས་སོ།  ༢༡༠༢  ༤  ༢༡