༄༅།། རིགས་ཞེན་གྱི་ཆུ་བོ་སེམས་སུ་བཞུར།

རིགས་ཞེན་གྱི་རླབས་སྒྲ་དྲག་ཏུ་སྐྱོམ་བཞིན་དཔའ་རྒོད་ཚོའི་ཞབས་རྗེས་འཚོལ་གྱིན་ཡོད།

བདེན་དོན་གྱི་ལོ་རྒྱུས་རིང་མོ་བྲང་གཞུང་ན་འཁྱིལ་བཞིན།

རང་རིགས་ལ་བཅང་བའི་ཁྲག་རྒྱུན་ནམ་ཡང་ཆད་མི་སྲིད།

 

དེས་ཕྱིར་ད་དུང་ང་གསོན་འདོད་དང་ཤི་འདོད་ཡེ་ནས་མེད།   ཉེར་གཅིག་གི་འཕེལ་གྲུབ་ཁྲོད་ན་འུ་ཅག་གི་ལས་དབང་རླུང་གིས་ཁུར།   དཀའ་སྟུག་གི་གདོང་རས་ལ་མདུན་མཆོང་དང་

ཤུགས་སྣོན་རྒྱག་དགོས།  ལྟེ་ཁྲག་བཞུར་སའི་ཕ་ཡུལ་དང་ལང་ཚོ་སྨིན་སའི་ཁྱིམ་གཞིས་

ནམ་ཡང་བརྗེད་མི་སྲིད།  ངའི་ཕ་ཁྱིམ་གྱི་སྦྲ་ནག་དང་སྦྲ་དཀར་གྱི་བརྩེ་བ་དྲན་བཞིན།

སྐྱོ་གདུང་གིས་དྲན་གླུ་བྱང་མཐའ་ནས་གྱེར་གྱིན་ཡོད། 

རྒྱང་རིང་གི་གནམ་འོག་འདི་ནས་ཕ་མ་དང་རང་ཡུལ་གྱི་འོད་སྣང་དྲན་བཞིན།

ད་དུང་རྫོགས་མ་ཚར་བའི་སེམས་ཚོར་དང་།

སྐྱི་གཡའ་བའི་སུན་སྣང་སོགས་སྙུག་རྩེར་བསྐྱུག་འདོད་ཡོད། 

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་སུག་བྲིས་སོ།།  ༢༡༠༢   ༤  ༡༤