ངའི་སྙིང་དབུས་ཀྱི་བོད་་་་་་་་

ང་ཚོ་ཆེས་དགའ་ས་ནི་ཁྱོད་ཡིན་ལ་ཁྱོད་མེད་པའི་ཉིན་མོ་ནས་ང་ཚོ་ཡང་འཇིག་རྟེན་འདིར་ཡོང་བ་དོན་མེད་དུ་འགྲོ་རྒྱུ་ཉག་ཅིག་རེད། དེས་ན་ངས་སྙིང་དབུས་ཀྱི་བོད་ཇི་སྲིད་བར་ཁྱོད་སྲ་བརྟན་དུ་གནས་པའི་སྨོན་པ་དང་རེ་བ་ཁྲི་ཕྲག་ཁྱེར་ནས་ཁྱེད་ཀྱི་ཕྱོགས་སུ་འཁོར་ཏེ་ཡོད

དུས་རབས་ཀྱི་དཀྱོག་མཚམས་ཞིག་ནས་ཟློག་མེད་ཀྱི་ལས་དབང་དེས་ཁྱེད་ཉིད་ལ་གོད་ཆག་བྱུང་ཞིང་མཛེས་ཤིང་ལྟ་ན་སྡུག་པའི་གངས་ལྗོངས་ཞི་བདེ་དང་བདེ་སྐྱིད་འབྱུང་སའི་གནས་མཆོག་ལྷ་ལྡན་གཡང་གི་རྭ་བར་རུ་གྲགས་པའི་མཐོ་སྒང་དེ གློར་བུར་དུ་ལྟས་ན་མིག་གིས་མི་བཟོད་ཉན་ན་རྣ་བའི་མི་བཟོད་པའི་གཤིན་ཐང་དུ་གྱུར། དེ་ནས་གཟུང་ཁྱེད་ཉིད་ནི་མི་ཡུལ་གྱི་དམྱལ་བ་གཅིག་པུ་དེ་རེད ཁྱེད་ཀྱི་ཡུལ་ན་གྲག་བཞིན་པ་ནི་སྨྲེ་ངག་དང་ངུ་འབོད་རེད་ལ། འབབ་བཞིན་པ་ནིངའི་མིང་སྲིང་ཚོས་རྣག་ཁྲག་དང་མིག་ཆུ་རེད མཐོང་བཞིན་པ་ནི་མི་ཁྲག་གིས་ཡོངས་སུ་ཚོས་ཟིན་པའི་དམར་ཐིང་ཐིང་གི་ས་གཞི་དང་མིང་སྲིང་ཚོས་ཤ་རུས་ཀྱིས་་བརྩེགས་པའི་རི་བོ་རེད འོན་ཀྱང་མི་བུ་ཚོ་རྟོགས་པ་སད་ཅིང་ཞི་བདེ་ལ་དགའ་མཁན་ཤིན་ཏུ་མང་། དྲང་བདེན་དང་ཞི་བདེ་ལ་དགའ་བའི་ཤེས་ལྡན་ཚོས་མིག་ངོར་འདི་ནས་ཁྱེད་ཉིད་གཡུལ་ས་ནས་སྐྱོབས་པའི་རེ་བ་ནི་མེ་ལྕེ་བཞིན་འབར་ཞིང་ཉི་འོད་བཞིན་མཆེད། མེས་པོ་སྟོང་གི་རྔུལ་ཁྲག་ལས་གྲུབ་པའི་ངའི་སྙིང་དབུས་ཀྱི་བོད་ཁྱོད་ལ་སུ་ཞིག་གིས་ལོག་བཤད་བྱས་ཀྱང་ལོ་རྒྱུས་ཀྱི་བདེན་དཔང་ཡོད སུ་ཞིག་གིས་སྡང་མིག་བལྟས་ཀྱང་ཞུམ་མེད་ཀྱི་སྙིང་སྟོབས་ཡོད སུ་ཞིག་གིས་དྲག་གཙེར་བྱས་ཀྱང་ཞི་བདེ་ཡིས་རྒྱན་ཆ་ཡོད དེས་ན་ངའི་་སྙིང་དབུས་ཀྱི་བོད་ཁྱེད་ནམ་ཡང་འཛམ་གླིང་གིས་ཡང་རྩེ་འདིར་གཏན་དུ་གནས་པར་སྨོན།།