སྒྱུ་རྩལ་གྱི་ཡང་སྙིང་ཅི་ཞིག་རེད།

ཀྱེ་མ་་་་་་་་སྙན་ངག་པ་་་་་་་་་་་སྒྱུ་རྩལ་གྱི་མཁའ་དབྱིངས་སུ་རང་སྣང་གིས་གཤོག་འགྱུར་རྒྱག་པའི་བྱ་རྒྱལ་ཁྱུང་ཆེན་་་་་་ས་ཆེན་གྱི་བྲང་གཞུང་ན་འགྲོས་མཉམ་པའི་གོམ་ལག་བདེ་བའི་རྟ་མཆོག་རྒོད་པོ་་་་་་་་་མཐའ་མེད་པའི་སྒྱུ་རྩལ་གྱི་གོམ་སྒྲ་ལ་སེམས་ཁོང་གི་དུང་བ་ཟབ་པའི་བསམ་བློ་བ་་་་་་་

རྟོགས་སད་དང་གནས་ལུགས་ཀྱི་མཐོ་ས་ན་ལངས་ཏེ་དངོས་ཡོད་དང་འཆར་ཡན་ལ་སྨྱུག་ཁ་ཕྱོགས་པའི་སྒྱུ་རྩལ་པ་་་་་་་ཀྱེ་མ་་་་་སྙན་ངག་པ་་་་་་སྒྱུ་རྩལ་འདི་སྒྱུ་རྩལ་ཡིན་པའི་རྐྱེན་གྱིས་་་་་་
ཅི་ཞིག་གིས་བཟི་སོང་བའི་ཁྱོད་སྒྱུ་རྩལ་གྱི་རྟ་ཕོའི་གོམ་སྒྲ་དང་ལྷན་དུ་ད་དུང་གནས་ལུགས་དང་། བསམ་བློ་གང་ཞིག་གིས་ཁྱོད་ཀྱི་འདོད་པ་མ་ཚིམས་ཏེ་ཅི་ཞིག་ལ་བསམ་གྱིན་གང་ཞིག་ལ་རྔམ་བཞིན་་་་་་་མགོ་བོ་གནམ་ལ་བརྟད་དེ་དོགས་སྣང་དང་ཕྱིར་བལྟས་མེད་པར་མཐའ་མེད་པའི་སྒྱུ་རྩལ་གྱི་གནས་ལུགས་ཀྱི་ཆེད་དུ་འཇིག་རྟེན་གཞན་ཞིག་ཏུ་འགྲོ་དུས་་་་་་ང་འདི་ལྟར་འཇིག་རྟེན་གྱི་མཐོ་ས་ཞིག་ཏུ་འགྲེངས་ཏེ་་་་་་་ཁྱེད་ལ་ཕག་བལྟ་ཐེངས་གཅིག་བྱེད་ན་འདོད་་་་་་་་་ཀྱེ་མ་་་་་་་སྙན་ངག་པ་་་་་་་་སྒྱུ་རྩལ་འདི་སྒྱུ་རྩལ་ཡིན་པའི་རྐྱེན་གྱིས་སམ་་་་་་་ཡང་ན་ང་དངོས་གནས་སྒྱུ་རྩལ་ལ་དུང་དྲགས་པའི་རྐྱེན་གྱིས་སྒྱུ་རྩལ་འདི་དོན་དངོས་ཐོག་གང་ཞིག་ཡིན་པ་ངས་ཏག་ཏག་ལ་གཏན་ནས་ཧ་གོ་མེད་་་་་་་་་་ཁྱོད་ཀྱང་གནས་ལུགས་དེ་ལྟ་བུ་ཞིག་གི་ཆེད་དུ་ས་ཆེན་གྱི་སྒལ་གཞུང་ན་འདི་ལྟར་འཕག་འཚག་རྒྱག་དུས་་་་་་་་ང་ནམ་ཡང་ཁྱོད་ཀྱི་སྐྱོ་རོགས་དང་་་་་་་་ང་ནམ་ཡང་ཁྱོད་ཀྱི་མིག་ཆུ་འདོན་ས་ཡིན་་་་

ཀྱེ་མ་སྙན་ངག་པ་་་་་་་་་་