༼ནམ་ཡང་འཚོལ་གྱིན་པའི་ཁྱོད༽

༼ནམ་ཡང་འཚོལ་གིན་པའི་ཁྱོད༽

མི་རྣམས་ཀྱིས་དད་འདུན་གྱི་ཀློང་ན

ནམ་ཡང་འཚོལ་གྱིན་པའི་ཁྱོད

མཛེས་སྡུག་གི་སོ་འཕྲེང་ངོམ་པའི

སྙིང་སྡུག་མ་བཞིན་ཏུ

མི་བུ་གང་མང་ཞིག་གིས

ཁྱོད་འཚོལ་གྱིན

རི་བོའི་ཕ་རོལ་ལ་ཆས་སོང་།

ཁོང་ཚོས་བཤད་ན

ཁྱོད་ལ་དུང་བ་ནི

མི་ཚེའི་གྲུབ་ཆ་ཞིག་དང

ཡང་ན་མི་བུ་ཞིག་གི་དན་རྟགས་ཡིན་ཟེར

དེ་འདྲའི་རླབས་ཆེ་ཞིང

ཡིད་འགུག་པའི་སྐད་ངག་དེས

ངའི་འཇིག་རྟེན་འདི་ཤུགས་ཀྱིས་འགུལ་དུས

  ངས་ཀྱང་དྭངས་གཙང་གི་སེམས་པའི་ཀློང་ནས

ཁྱོད་ལ་རྒྱང་འབོད་ཅིག་བྱེད་ན་འདོད

ཡིན་ནའང

མེ་ཏོག་ལྟ་བུའི

ལྕགས་ཀྱུ་ལྟ་བུའི

ཁྱོད་ཀྱི་བསླུ་བྲིད་དེས

དོན་ངོ་མར

སུ་ཞིག་ལ་མནར་གཅོད་གཏོང་གིན

གང་ཞིག་གི་ཚེ་སྲོག་ལ་རྫོགས་ཚིག་འགོད་ཀྱིན་ཡོད

ནམ་ཡང་འཚོལ་གིན་པའི་ཁྱོད

2012  4  30