འབྲས་སྤུངས་དུ་༸གོང་ས་མཆོག་གི་གསུང་ཆོས།

 

དྲ་གྲོགས་ལགས། འདི་ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་གཤམ་གསལ་ལམ་རིམ་འཁྲིད་ཆེན་ཁག་གི་གསུང་ཆོས་འདི་བཞིན་དགུན་ཐོག་ཕྱི་ཟླ་ ༡༡ པའི་ཟླ་མཇུག་ཏུ་ཐོག་མར་གདན་ས་ཆེན་པོ་དཔལྡན་འབྲས་སྤུངས་སུ་དབུ་འཛུགས་ཀྱིས་དེ་ནས་

དགེ་ལྡན་པའི་གདན་ས་ཆེན་པོ་གཞན་གཉིས་ཀྱི་ནང་རིམ་བཞིན་གནང་གཏན་འཁེལ་འདུག་ན་དེ་དོན་དགོངས་དབྱིངས་སུ་མངའ་བ་ཞུ། 

༼ལམ་རིམ་འཁྲིད་ཆེན་ཁག་ནི།༽

༡༽ ལམ་རིམ་ཆེན་མོ། མཛད་པ་པོ་

༡༽ ལམ་རིམ་ཆེན་མོ། མཛད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ།
༢༽ ལམ་རིམ་འབྲིང་པོ། མཛད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ།
༣༽ ལམ་རིམ་བསྡུས་དོན། མཛད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ།
༤༽ལམ་རིམ་གསེར་ཞུན་མ། མཛད་པ་པོ་༧རྒྱལ་མཆོག་སྐུ་ཕྲེང་གསུམ་པ་ཐུབ་བསྟན་རྒྱ་མཚོ། 
༥༽ ལམ་རིམ་བདེ་ལམ། མཛད་པ་པོ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན།
༦༽ ལམ་རིམ་འཇམ་དཔལ་ཞལ་ལུང་། མཛད་པ་པོ་༧རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། 
༧༽ ལམ་རིམ་མྱུར་ལམ། མཛད་པ་པོ་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས།
༨༽ ལམ་རིམ་ལེགས་གསུང་ཉིང་ཁུ། མཛད་པ་པོ་དྭགས་པོ་སྒོམ་ཆེན་ངག་དབང་གྲགས་པ། < འདི་ཡན་ལམ་རིམ་འཁྲིད་ཆེན་བརྒྱད་ཡིན། >

༩༽ ལྷོ་རྒྱུད་ལམ་རིམ། མཛད་པ་པོ་རྗེ་དགེ་འདུན་འཇམ་དབྱངས།
༡༠༽ ཞ་དམར་ལམ་རིམ། མཛད་པ་པོ་ཨ་མདོ་བླ་མ་དགེ་འདུན་བསྟན་འཛིན་རྒྱ་མཚོ།
༡༡༽ རྣམ་གྲོལ་ལག་བཅངས། མཛད་པ་པོ་༧སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོས་གསུང་། <༧ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ཕྱོགས་བསྒྲིགས་མཛད།>
༡༢༽ ལམ་རིམ་འབྲིང་པོའི་ས་བཅད། མཛད་པ་པོ་༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ། 
༡༣༽ ལམ་རིམ་བདུད་རྩི་སྙིང་པོ། མཛད་པ་པོ་ཀོང་པོ་བླ་མ་ཡེ་ཤེས་བརྩོན་འགྲུས་བཅས་ཡིན།།