ཁ་བརྡ་ལྷ་རུ་བཀུར་མཁན་ཚོ།
ཁ་བརྡ་ནི་ཆོས་ལུགས་དབྱེན་སྦྱོར་དང་། ཆོལ་ཁ་དཀྲུགས་ཤིང་རྒྱག་སར་དམིགས་པ་ལྟ་བུ་ཞིག་རེད་ལ། དེ་ལས་ཀྱང་དེང་སང་ནི་་སྲིད་སྐྱོང་བློ་བཟང་སེང་གེར་རྒོལ་རྡུང་གཏོང་སའི་དྲ་ཚིགས་གཙོ་གྲས་ཤིག་རེད། དེའི་ལས་མི་ཚོ་ནི། ཀླུ་སྨྱོན་ཟེར་བ་དང་། ཤར་ཕྱོགས་ཁུག་རྟ་ཟེར་བ། དགེ་འདུན་རབ་གསལ། རྡོ་རྗེ་དབང་ཕྱུག་སོགས་རེད། དེའི་རྒྱབ་ན་ཡང་གླིང་ཟླ་ཚེ་སོགས་མང་པོ་ཡོད་པ་རེད།
འོན་ཀྱང་དེང་སང་ནམ་རྒྱུན་གཞུང་དྲང་ཡིན་ཟེར་མཁན་དང་། སྐྱོན་ནང་ན་ཡོད་ན་དང་པོ་རྡུང་དགོས་ཟེར་མཁན་འགའ་རེས་ཀྱང་དྲ་བ་དེ་ཚོར་ཁུངས་སུ་བགྲང་ནས། ལུང་འདྲེན་བྱས་བྱུང་། ཡོང་ཁུངས་དང་། འདྲེན་ཁུངས་ལབ་དུས། ཡོང་ཁུངས་དེ་དང་འདྲེན་ཁུངས་དེ་ཚད་ཐུབ་ཅིག་གམ། དེ་མིན་ལངས་ཕྱོགས་ངེས་ཡོད་པར་གྲགས་པ་ཞིག་དགོས་ཀྱང་། རང་སར་ཐུག་དུས། གཞུང་དྲང་ཟེར་བ་དེ་ཁྱིས་ཟོས་པ་ལྟ་བུ་རེད། ལས་སྟངས་འདི་ཚོས་བདེན་རྫུན་གཉིས་བཏུམ་ཐུབ་དགོས་དུས། ཕྱི་ཚུལ་དེ་རྒྱུན་རིང་པོ་བརྟན་ཁག་པོ་རེད།
