དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་གཞོན་སྤྱི་འཐུས་རྨོག་རུ་བསྟན་པ་མ་བུ་གསུམ་ཐུག་ཏུ་སོང།

དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་གཞོན་མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས། ཟླ་འདིའི་ཚེས་ཉིན་ ༥ དྷ་ས་ནས་ཐོན་ཏེ། གོམ་བགྲོད་བ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ཐུག་ཏུ་སོང་ཡོད་པ་རེད། ཁོང་གིས། གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་དང་དབུ་ལམ་ལས་འགུལ་ཁང་གི་ལངས་ཕྱོགས་གཉིས། གོམ་བགྲོད་བ་མ་བུ་གསུམ་གྱི་མདུན་དུ་དཔྱད་གླེང་མི་བྱས་པའི་རེ་བ་བྱེད་ཀྱི་ཡོད།

གང་ཡིན་ཞེ་ན། ད་ལྟའི་སྐབས་མདོ་སྟོད་སྨད་གཉིས་ཀྱི་དགེ་འདུན་པ་དང་དམིགས་བཀར་མདོ་སྨད་ཀིརྟི་དགོན་གྱི་དགེ་འདུན་པ་ཚོས། རང་ལུས་མེར་སྲེག་བཏང་བའི་ལས་འགུལ་གཅིག་མཇུག་གཉིས་མཐུད་བྱེད་བཞིན་པའི་སྐབས་འདིར། ང་ཚོས་སྐར་ལྔའི་རྒྱལ་དར་གོང་དུ་བཀུར་གཞོན་ནུས་ལངས་ཕྱོགས་ཕྱོགས་ལྷུང་རེད་ཟེར་བ་སོགས། དབུ་ལམ་ལས་འགུལ་ཁང་གིས་རྒྱུན་ལྡན་འཁྲབ་བཞིན་པའི་ལས་ཀ་དེ་མཚམས་འཇོག་དགོས་པའི་དུས་ལ་སླེབས་ཡོད།