རྒྱ་ནག་གི་རྒྱ་དར་ཕྱར་བའི་གོམ་བགྲོད་ནི་གསེར་ཡིག་གིས་འབྲི་བའི་ལོ་རྒྱུུས་ལྡན་ཟེར།
༢༠༡༢་ཟླ་༥་ཚེས་༨གཟའ་མིག་དམར་ཉིན་དབུ་མའི་ལམ་ལས་འགུལ་ཁང་གི་ཤར་ཕྱོགས་ཁུག་རྟས་གསར་འགོད་གསར་བསྒྲགས་སྤེལ་པ་བོད་ཀྱི་དུས་བབ་དྲ་ཚིགས་སུ་སྤེལ་འདུག་པས། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་དར་ཁུར་བའི་གོམ་བགྲོད་ལ་རྒྱབ་བསྐྱོར་དང། དབུ་ལམ་འགན་གཞོན་དང་མདོ་སྨད་སྤྱི་འཐུས་ལས་ཐོག་རྨོག་རུ་བརྟན་པ་གོམ་བགྲོད་པར་ལྟ་རུ་ཕྱིན་པ་དང་།
རྒྱ་དར་མེ་རུ་བསྲེག་ན་འཚེ་བའི་ལས་སུ་འགྲོ་ཉེན་ཆེ་བ། ཚེ་རྡོ་མ་བུ་གསུམ་ཀྱིས་རྒྱ་དར་ཁུར་ནས་གོམ་བགྲོད་གནང་བ་དེ་གསེར་ཡིག་གིས་འབྲི་བའི་ལོ་རྒྱུས་ཚུལ་གསར་བསྒྲགས་བྱས་འདུག ང་ཁོ་བོ་ལ་བསམ་ཚུལ་འདི་འདྲ་ཞིག་ཡོད། རྒྱ་ནག་གི་བོད་ལ་དབང་བསྒྱུར་ནས་བཟུང་བོད་མི་གང་ཞིག་ཞིག་གིས་་རྒྱ་དར་མར་ཕབས་པ་སོགས་ཀྱིས་རང་སྲོག་ཤོར་བ་བཙོན་འཇུག་བྱས་པ་ག་ཚོད་ཞིག་ཡོད་རེད། དབུ་མའི་ལམ་འགུལ་ཁང་གི་ཁོང་མ་བུ་གསུམ་རྒྱ་དར་ཁུར་འགྲོ་འཇུག་དགོས་ན་དང་པོ་གཙུག་ལག་ཁང་ནས་གོམ་བགྲོད་མགོ་བཙུགས་དུས་ནས་ཁུར་འགྲོ་དགོས་རེད། ད་ཆ་ང་ཚོས་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གཏོར་བཤིགས་བཏང་བསྡད་ན་ཡག་པོ་མི་འདུག ད་དུང་༧གོང་ས་མཆོག་གི་དགོངས་གཞི་ཁ་ལ་ཁྱེར་ནས་གཏོར་བཤིགས་གཏོང་གི་ཡོད་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྡོད་པའི་བོད་མི་ཚོས་བོད་ནང་ལ་ཤེས་ཡོན་སློབ་གསོ་སོགས་རོགས་རེམ་བྱེད་མཁན་ཚོ་ལ། རྒྱ་ནག་གཞུང་ཚབ་ཁང་ལ་འགྲོ་བ་རེད་ཟེར་ནས་ག་འདྲ་ལབ་ཀྱི་ཡོད་རེད། སེ་སུ་ལན་ཊི་དང་ཨོ་སི་ཊི་ལེ་ཡ་ན། བོད་པ་ཚོ་ལས་ཀ་ཞིག་ན་དབྱེ་ཞིབ་བྱས་ནས་ལས་ཀ་ཞིག་བྱོས་མ་གཏོགས། ད་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་ལས་འགུལ་གྱི་སྣེ་ཁྲིད་ནས་སྐར་ལྔའི་རྒྱ་དར་རེ་བཙན་བྱོལ་བོད་མི་རེ་རེའི་ལག་ལ་འཇོག་རྩིས་ཡོད་དམ། དབུ་ལམ་ཤེས་ཡོན་འགན་འཛིན་ཤར་ཕྱོགས་ཁུག་རྟས་ཤར་ཕྱོགས་དམར་ཟེར་བའི་གླུ་དབྱངས་དེ་ལེན་པའི་རིག་རྩལ་བྱ་འགུལ་ཡོད་རྒྱུ་རེད་ཁོང་དབུ་ལམ་ཤེས་ཡོན་འགན་འཛིན་རེད།།