ཁུལ་ཅོ་ནེ་རྫོང་ཆུ་དགེ་ཡུལ་ཚོ་རུ་སེར་བ་ཤུགས་དྲག་བབ་འདུག

jone1ཟླ་འདིའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བོད་ནང་གི་དུས་ཚོད་༥ དང་ཕྱེད་ཙམ་ལ་བོད་མདོ་སྨད་ཀན་ལྷོ་ཁུལ་ཅོ་ནེ་རྫོང་། ཆུ་དགེ་ཡུལ་ཚོ་རུ་སེར་བ་ཤུགས་དྲག་བབ་འདུག དེ་ཡང་འབྲེལ་ཡོད་མི་སྣས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན་ཟླ་འདིའི་ཚེས་༡༠ ཕྱི་དྲོ་བོད་ནང་གི་དུས་ཚོད་༠༥ དང་ཕྱེད་ཙམ་ལ་ཀན་ལྷོ་ཁུལ་ཅོ་ནེ་རྫོང་།

ཆུ་དགེ་ཡུལ་ཚོ་རུ་སེར་བ་ཤུགས་དྲག་བབ་དེ་ཁང་པའི་སྐར་ཁུང་དང་། རླངས་འཁོར་གྱི་ཐོག་ཁེབས་དང་ཤེལ་སྒོ་སོགས་བཅག་ཡོད་འདུག་པ་དང་། སེར་བ་ཆེ་ཆུང་བྱ་སྒོང་ཙམ་རེ་བབ་འདུག ཡིན་ན་ཡང་མི་ལ་གནོད་སྐྱོན་བྱུང་མི་འདུག་པ་དང་། སྒོ་ཕྱུག་སོགས་ལ་གནོད་སྐྱོན་བྱུང་ཡོད་མེད་གསལ་ཁ་མ་བྱུང་། དེ་ཡང་ས་ཆ་ཆུང་ཤོས་ཞིག་ལས་གང་སར་བརྒྱབ་པ་ཞིག་ཀྱང་ཡིན་ས་མ་རེད་ཅེས་བརྗོད་སོང་།

 

jone1

སེར་དྲག་བརྒྱབ་རྗེས་ཆུ་ཚོད་སྐར་མ་ ༢༠ ཙམ་ནས་པར་འདི་བརྒྱབ་པ་ཡིན་ཟེར་གྱི་འདུག

མེ་སོར་གསར་འགོད་པས།