ཟིན་བྲིས།

གླིིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་དོན་གོམ་བགྲོད་སྐབས་སུ་རྒྱ་ནག་གི་དར་དམར་འཕྱར་པ་དེ་ལ།

སྤྱི་ཚོགས་ནང་ལ་གླེང་སློང་འདྲ་མིན་ཞིག་ཡོང་གི་ཡོད་པ་མཐོང་སོང་། སྨྱོན་པ་ངའི་བསམ་ཚུལ་ཞིག་ཞུ་འདོད་བྱུང་། སྤྱིའི་ཆ་ནས་རྒྱལ་ཁབ་ཅིག་དང་མི་རིགས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་ལས་ཀ་གང་གནང་རུང་།དེ་ནི་རང་གི་ཁེ་ཕན་གྱི་ཆེད་དུ་མ་ཡིན་པར་མི་རིགས་དང་ལ་རྒྱའི་གནད་དོན་ཞིག་ཡིན་ཙང་། དེ་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་དྲན་སོང་།སྤྱི་ཚོགས་ནང་ལ་ཐོན་ཚར་བའི་རྗེས་སུ་ལེགས་པ་དང་ཉེན་པའི་སྐད་ཆ་འདྲ་མིན་ཡོང་བསྡད་པ་དེ་ཆོས་ཉིད་ལྟ་བུར་ཆགས་ཡོད།སུ་ཡིན་རུང་སོ་སོའི་ལངས་ཕྱོགས་ཞིག་ལ་ཡང་དག་པ་ངོས་བཟུང་བའི་ཆ་ནས་དེ་དང་ཅུང་ཟད་མི་མཐུན་པའི་ལངས་ཕྱོགས་འཛིན་མཁན་ཞིག་་ཡོང་དུ་དེ་ལ་ངོ་རྒོལ་བའི་རྣམ་པ་ཐོག་ནས་དགག་པ་གནང་རེས་རྐྱང་རྐྱང་བའི་ལམ་ཕྱོགས་འཛིན་དགོས་དོན་གང་ཡོད།རྩའི་ཆ་ནས་མང་ཕྱོགས་ལ་སེམས་ཤུགས་དང་ལྷག་བསམ་གི་ཐོག་ལ་ཞུ་དགོས་ཡར་གང་ཡོད།སྤྱི་ཚོགས་ནང་ལ་མི་ཁག་ཅིག་གིས་སོ་སོའི་གང་ཡང་མི་འཇོན་པ་དང་གྲུབ་འབྲས་ཅན་གྱི་ལས་ཀ་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་གཞན་གྱིས་གང་གནང་པ་དེ་ལ་སྐྱོན་བརྗོད་ཁོ་ན་མ་གཏོགས་བསམ་མི་ཤེས་པ་གནང་ནས་རང་གི་མི་རིགས་ལ་རང་གིས་དམའ་འབེབས་བྱས་ནས།ནམ་ཡང་གྲུབ་འབྲས་བཟང་པོ་ཞིག་ཡོང་ཐབས་མེད་པ་ཆགས་བསྡད་ན་དཀའ་ལས་ཆེ་རོགས་ལས་གཞན་གང་ཡང་མི་འདུག་བསམ་བྱུང་།