སྙན་ཞུ།

བང་ཆེན་རྩོམ་སྒྲིག་པ་མཆོག་ལ་ཆེད་ཞུ།

གུས་པའི་དྲ་ངོར་ནང་འཛུལ་མ་བྱས་པར་ཁར་ཐུག་མཆན་འགོད་སོགས་བྱེད་མི་ཐུབ་པས། འབྲེལ་ཡོད་ལས་བྱེད་སུ་ཡིན་ཡང་གུས་པའི་དཀའ་ངལ་སེལ་ཐབས་ལ་དེ་འཕྲལ་ཐུག་སྣང་བཟོ་བཅོས་བཀའ་དྲིན་གནང་སྐྱོང་ཡོང་བར་ཞུ།

དྲ་རྒྱར་འཛུལ་ཡང་དཀའ་ངལ་རེད། མ་འཛུལ་ཡང་དཀའ་ངལ་རེད་གང་ལྟར་འཇིག་རྟེན་འདིའི་ནང་དོན་དམ་པའི་བདེ་བ་དེ་མེད་ཐག་ཆོད་རེད། དེ་ཡང་ཡིན་ཏེ། 

                             བཞི་བརྒྱ་པར།

མཐོ་ལ་ཡིད་ཀྱི་སྡུག་བསྔལ་ཏེ།  །

དམན་པ་རྣམས་ལ་ལུས་སྐྱེས་སོ།  །

སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི།  །

ཉིན་རེ་ཉིན་རེར་འཇོམས་པར་བྱེད།  །

ཅེས་གསུངས་པའི་ཕྱིར་རོ།།  དྲ་གྲོགས་ཚོས་ཚིགས་བཅད་དེ་ཉམས་ལེན་བྱ་བའི་རེ་བ་ཡོད།