བོད་རིག་པའི་ཚོགས་འདུའི་སྐབས་བོད་རིག་པ་བ་མ་བརླག་བར་ཤོག
འཆར་ལོ་བོད་རིག་པའི་ཚོགས་འདུ་ཟེར་བ་དེ་སོག་ཡུལ་དུ་འཚོག་རྒྱུའི་ཚོགས་བརྡ་བཏང་ཟིན་པ་དང་། སྔོན་མ་བོད་རིག་པའི་ཚོགས་འདུ་དེ་ནུབ་ཕྱོགས་རྒྱལ་ཁབ་ཁེ་ན་ཌའི་ནང་འཚོགས་ཡོད་ཅིང་། སྐབས་དེར་སྒྲོལ་གླིང་གི་དགེ་རྒན་ནོར་གླིང་རྩོམ་སྒྲིག་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག་གི་བཟའ་ཟླ་ཆུ་སྐྱེ་སྒྲོལ་མ་དང་། སཱ་ར་སློབ་གྲྭའི་དགེ་རྒན་ཐུབ་བསྟན། དུས་བབ་ཀྱི་རྩོམ་སྒྲིག་པ་ལུང་རིག་རྒྱལ་གསུམ། ཕྱིར་རྒྱ་གར་དུ་ལོག་ལ་ཉེ་བའི་སྐབས་བོར་བརླགས་ཤོར་ཡོད་པ་རེད་་་་་
ཁོང་གསུམ་བརླགས་ནས་ཡུན་རིང་མ་སོང་བར། ༧གོང་ས་མཆོག་གིས་དེ་ནི་ངོ་ཚ་བྲལ་བའི་བྱ་སྤྱོད་ཅིག་རེད་ཅེས་བཀའ་བཀྱོན་ཕེབས་ཡོད། བོད་རིག་པའི་ཚོགས་འདུ་གོ་སྒྲིག་པས་ཀྱང་། མི་མང་པོ་བརླགས་པའི་རྐྱེན་གྱིས་རྗེས་མའི་ཚོགས་ཞུགས་བ་ཚོས་ཐོངས་མཆན་མི་རག་པའི་དཀའ་ངལ་འདུག་ཅེས་རླུང་འཕྲིན་ཁག་གི་ནང་མང་པོ་བཤད་སོང་། གོང་དུ་བརླགས་པའི་མི་གསུམ་ནི། བོད་པའི་སྤྱི་ཚོགས་ཁྲོད་ལས་ཀ་དང་སློབ་སྦྱོང་གི་ཐད་གནས་ཚད་ཅུང་ཟད་སླེབས་པའི་གྲས་ཤིག་ཡིན་ཡང། འདི་འདྲའི་རིགས་བྱས་པ་ནི་ངོ་ཚ་བྲལ་བའི་བྱ་སྤྱོད་ཁོ་ན་ཡིན་ཞེས་བརྗོད་ཆོག
སྔོན་དུས་དགུ་བཅུ་གསུམ་གྱི་ཞབས་བྲོ་བ་འགའ་ཤས་ཕྱིར་ལོག་མེད་པས། རྩོམ་འབྲི་མཁན་མང་པོས་ཞེ་དྲག་ནག་ཉེས་ཆེན་པོ་ཡིན་རབས་བརྗོད་ནས། མཐར་མི་དེ་དག་ལ་དཀའ་ངལ་སྣ་ཚོགས་སྤྲད་པའི་ལོ་རྒྱུས་ཡོད། ཡིན་ནའང་བོད་རིག་པ་བ་གསུམ་བརླགས་པའི་སྐབས་གླེང་སློང་མཁན་ཙམ་ཡང་མེད་པ་དེ་ནི། རྩོམ་པ་པོ་དང་དབྱེ་ཞིབ་པ་ཡིན་ཟེར་བ་སོགས་ཀྱི་རང་ཚུགས་ཁྱད་མཚར་ཞིག་ཡིན་པ་ར་སྤྲོད་བྱས་པ་རེད། བོད་རིག་པའི་ཚོགས་འདུ་འགྲོ་མཁན་ཚོ་ནི་མང་ཆེ་བ་སྔོན་མ་འགྲོ་མྱོང་མཁན་རྐྱང་འགྲོ་གི་ཡོད་པ་དང། བོད་རིག་པ་བ་མི་འགའ་ལས་མེད་པའི་བཟོ་འདྲ་ཞིག་འདུག་པས། ད་ཐེངས་བོད་མི་ཚང་མས་བོད་པའི་མཚན་སྙན་ལ་མི་གནོད་པའི་ཆེད་དུ་དོ་སྣང་བྱེད་དགོས།
ད་ཐེངས་ཀྱི་ཚོགས་འདུའི་སྐབས་དེ་ཙམ་འགྲོ་མཁན་ཡོད་རྒྱུ་མ་རེད་་་་་་?????????????? ནུབ་ཕྱོགས་རྒྱལ་ཁབ་མ་རེད།།།།།།།།།
