བུད་མེད་ཀྱི་དབང་ཆའི་སྐོར་རིག་པའི་གཞུང་ལུགས་ཀྱི་རྩ་འཛིན་ཁག་བཅུ།
༡། བུད་མེད་ཀྱི་གནས་སྟངས་སྐོར།
བུད་མེད་ཀྱི་དབང་ཆ་རྩོད་མཁན་ཚོས་བུད་མེད་ནི་སྤྱི་ཚོགས་དམའ་རིམ་གྱི་ཡ་ང་བའི་གནས་སྟངས་སུ་གནས་ཤིང། དབང་སྒྱུར་མཁན་ཕོ་ཡིས་བཤད་པ་ལྟར་གནས་སྟངས་དེ་ནི་ལུགས་དང་མཐུན་པ་ཞིག་མིན། བུད་མེད་དང་ཡང་ན་སྤྱི་ཚོགས་ཐོག་གོ་དབང་གི་ངོ་བོ་དང་གནས་བབ་སོགས་ཚང་མ་སྤྱི་ཚོགས་ཐོག་འདྲ་མཉམ་མིན་པའི་དོན་དངོས་ཀྱིས་བགྱིས་པ་ཡིན་ལ་། བུད་མེད་ནི་བྱ་བའི་ཡུལ་ཙམ་ལས་ཁོ་ཚོར་གདམ་ཁ་ཆོག་པའི་དབང་ཆ་དང་ནུས་ཤུགས་མེད།
༢། བུད་མེད་གནས་པའི་སྐྱོན་ཆ་སྐོར།
ཞིབ་འཇུག་པའི་དཔྱད་པ་ལྟར་ན་སྤྱི་ཚོགས་འདིར་བུད་མེད་ཁྱབ་ཆེར་གནས་པ་ཙམ་ལས་ཁོ་ཚོ་ཕོའི་ཟུར་རྒྱན་ལྟ་བུ་དང་མགོ་བོ་ཞུམ་ནས་འཚོ་དགོས་པ་དང། དེའང་ཕོའི་དབང་ཤུགས་ཀྱི་བཀོད་ཇུས་དང་ལུགས་མཐུན་མིན་པའི་ལོ་རྒྱུས་ཀྱི་བྱུང་འབྲས་ཤིག་དང། འགྲོ་བ་མིའི་རིགས་ཁྱོན་ཡོངས་སུ་གནས་པའི་སྐྱོན་ཆ་ཞིག་རེད།
༣། བུད་མེད་ཀྱི་དབང་ཤུགས་དོན་འཁྱོལ་ཡོང་སྟངས།
ཐོག་མར་དཔལ་འབྱོར་དང་ཆབ་སྲིད། དེ་བཞིན་ཁྲིམས་ལུགས་ཀྱི་དབང་ཤུགས་བཅས་ནས་ཕོ་མོ་འདྲ་མཉམ་ཡོང་ཐབས་དགོས་པ་དང། ཕོ་མོའི་དབང་ཆ་འཁོད་སྙོམས་དགོས་པའི་འདུ་ཤེས་དང་དོན་དམ་གྱི་དབང་ཤུགས་འདྲ་མཉམ་ཡོངས་རྫོགས་ནི་ཧ་ཅང་གལ་ཆེ་བ་ཡིན། འོན་ཀྱང་དེང་དུས་བུད་མེད་ཀྱི་དབང་ཆར་རྒྱ་ཡན་དང་རྡོག་རོལ་གཏོང་བ་དེ་ནི་དུས་མིན་གྱི་གནས་སྟངས་སམ་ཉེན་ཚབ་ཆེ་བའི་གནད་དོན་ཞིག་རེད།
༤། བུད་མེད་ལ་བདེ་འཇགས་མེད་པའི་ཉེན་ཁའི་སྐོར།
ཉེན་ཁ་ཚོར་ཞིང་དེའི་སྐོར་སྤྱི་ཚོགས་ནས་བདེ་སྲུང་གི་ལས་དོན་སྤེལ་དགོས། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཕྱོགས་གང་སར་བུད་མེད་ལ་ཕོའི་གཉའ་གནོན་དང་སུནབཙིར་ཕོག་གི་ཡོད། ཕོ་ལྟེ་བར་འཛིན་བའི་དབང་ཆ་དེས་བཙན་གནོན་གྱི་སྒོ་ནས་དྲག་ཤུགས་ཀྱི་ཐབས་ལ་བརྟེན་ནས་བུད་མེད་ལ་གཉའ་གནོན་བྱས་པ་དེས་བུད་མེད་ཚོས་ཕོ་མོའི་དབར་དབྱེ་འབྱེད་ཀྱི་འཇིགས་སྣང་རིང་ལུགས་ཀྱི་སྡུག་ངལ་མྱོང་བཞིན་ཡོད།
༥། བུད་མེད་ཀྱི་གསར་གཏོད་ཀྱི་ནུས་ཤུགས་ལ་གཉའ་གནོན་དང་མཐོང་ཆུང་གཏོང་བ།
བུད་མེད་ནི་འགྲོ་བ་མིའི་རིགས་ཀྱི་རིག་གཞུང་གསར་བསྐྲུན་གྱི་རླབས་ཆེན་གྱི་ནུས་པ་ཞིག་ཡིན། འོན་ཀྱང་བུད་མེད་ཚོའི་གསར་གཏོད་ཀྱི་ནུས་པ་དེར་སྣང་ཆུང་བྱས་ཡོད། དེ་བས་བུད་མེད་ཀྱི་གསར་གཏོད་ཀྱི་ནུས་པ་དང་གསར་གཏོད་ཀྱི་བྱུང་འབྲས་ཕོ་ཚོས་བཙན་འཕྲོག་གིས་ཕོ་ལ་དབང་བའི་དངོས་པོ་ཞིག་བསྒྱུར་ཡོད། བུད་མེད་ཀྱི་གསར་གཏོད་ཀྱི་ནུས་པར་གནོན་ཤུགས་དང་བཙན་འཕྲོག་བྱས་པ་དེ་ནི་སྤྱི་ཚོགས་ཀྱི་ལུགས་མཐུན་མིན་པའི་གནས་སྟངས་ཀྱིས་བགྱིས་པ་ཞིག་ཡིན། དེའང་སྤྱི་ཚོགས་ཀྱི་གྱོང་རྒུད་རེད་ལ་འགྲོ་བ་མིའི་རིགས་ཡོངས་རྫོགས་ཀྱི་གྱོང་རྒུད་ཅིག་རེད།
༦། བུད་མེད་ཀྱི་རང་འགུལ་གྱི་འདུ་ཤེས་དང་གཙོ་རྐང་གི་རང་བཞིན་གཟུག་ཐབས།
བུད་མེད་བཅིངས་འགྲོལ་དང་རང་དབང་གིས་འཕེལ་རྒྱས་གཏོང་བ་ནི་སྤྱི་ཚོགས་ཁོ་ནའི་གནས་དོན་མིན་པར། བུད་མེད་རང་ངོས་ཀྱི་གནས་དོན་ཞིག་ཡིན་ལ། དེར་བུད་མེད་རང་ངོས་ནས་རྨོངས་གཉིད་ལས་སད་དེ་རང་འགུལ་གྱིས་འཕེལ་རྒྱས་གཏོང་དགོས་པའི་ཕྱོགས་ཡིན། བུད་མེད་ནི་གསར་གཏོད་རང་བཞིན་དེ་ལག་བསྟར་ལས་འགུལ་གྱི་གཙོ་བོའི་ཕྱོགས་ཡིན་ཕྱིན། གཞན་གྱིས་རྟག་ཏུ་ཁེས་ལེན་མི་བྱེད་པར་བརྟེན། སོ་སོའི་རང་གི་ཞུམ་མེད་ཀྱི་སྙིང་སྟོབས་དང་འབད་འབུངས། དེ་བཞིན་སྤྱི་ཚོགས་ལས་འགུལ་དབར་འབྲེལ་མཐུད་ཀྱི་ཐོག་ནས་རྒྱལ་ཁ་ཐོབ་སྲིད་པ་ཞིག་རེད།
༧། བུད་མེད་ཀྱི་མི་ཆོས་རིང་ལུགས་པའི་དྲང་བདེན་སྐོར།
བུད་མེད་ལ་མཐོང་ཆུང་རག་པའི་གནས་སྟངས་ཀྱིས་གོང་གི་གནས་སྟངས་དེ་ར་སྤྲོད་བྱས་ཡོད་པ་དང། དུས་མཚུངས་སུ་བུད་མེད་རང་ངོས་ནས་འགྲོ་བ་མིའི་རིགས་ཀྱི་དོན་དམ་པའི་དྲང་བདེན་དང་འདྲ་མཉམ། རང་དབང་དང་བྱང་སེམས་ཀྱི་ལས་འགན་འཁྱེར་དགོས། དེའི་ནང་བུད་མེད་དང་རང་བྱུང་ཁམས། འགྲོ་བ་མིའི་རིགས་ཀྱི་རིག་གཞུང་དང་མི་རིགས་ཀྱི་རིག་གཞུང། སྒེར་དང་འགྲོ་བ་ཁྱོན་ཡོངས། བཅས་སོགས་ནས་མི་ཆོས་རིང་ལུགས་ཀྱི་ལྟ་བ་ཐོག་ནས་ལྟ་དགོས་པ་རེད།
༨། བུད་མེད་སྒྲིག་འཛུགས་བསྐྱར་བསྐྲུན་ནི་མ་འོངས་པའི་ལས་གཞི་སྐོར།
བུད་མེད་སྲུང་སྐྱོར་དང་ས་ཕྱོགས་དང་དུས་ཚོད་ཇི་ལྟར་ཡིན་ཡང་། བུད་མེད་ཀྱི་དབང་ཆར་རྡུང་རྡེག་དང་གཉའ་གནོན་འབྱུང་ཚེ་དྲང་བདེན་འཚོལ་ཆོག་པའི་ལམ་བུ་ཞིག་མེད་པ་དང། སྤྱི་ཚོགས་ཀྱི་ནུས་ཤུགས་ཅིག་གིས་རོགས་སྐྱོར་མེད་པ་དེ་ནི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དང་མོ་ལ་གཉའ་གནོན་སྤྲོད་མཁན་སྐྱེས་པ་ཕོ་གཉིས་ཕྱོགས་མཐུན་གྱུར་བས་ཡིན། དེ་བས་ངན་པ་ལངས་ཤོར་གཏོང་བ་ཞིག་ཀྱང་རེད་ལ། དེ་ནི་ཕོ་ཡིས་མོ་ལ་རྡོག་རོལ་གཏོང་བར་ངོ་བོ་འགྱུར་བའི་རྒྱབ་སྐྱོར་བྱས་པ་ཞིག་ཀྱང་རེད། བུད་མེད་ཀྱི་སྒྲིག་འཛུགས་དེ་བུད་མེད་འདུ་འཛོམས་ཀྱི་ཁྱིམ་གཞི་ཁོ་ནར་མིན་པར་ཁྲིམས་ཁང་དང་སྤྱི་བདེ་སྡེ་ཚེན། སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཡོངས་ནས་བུད་མེད་ལ་སྲུང་སྐྱོར་གྱི་སྒྲིག་འཛུགས་ཀྱི་རྣམ་པའི་ཐོག་ནས་གནས་དགོས་པ་རེད།
༩། བུད་མེད་ཚོའི་སྨྲ་བརྗོད་ཀྱི་ཐོབ་ཐང་དང་གཙོ་གནད།
སྨྲ་བརྗོད་ལག་བསྟར་སྐོར། སྐྱེས་པ་ཕོའི་སྨྲ་བརྗོད་དང་དབང་སྒྱུར་ནང་བུད་མེད་ཀྱི་དབང་ཆ་དེའི་ནང་ཚུད་མེད་པ་རེད། དེ་བས་སྐྱེས་པ་ཕོའི་སྨྲ་བརྗོད་ཀྱི་རྣམ་པའི་ནང་འཐབ་འཛིང་དང་དྲག་ཤུགས་ཀྱིས་གཏོར་བཅོམས་ཀྱི་བཙན་ཤུགས་གཅིག་མངོན་གྱི་ཡོད། བུད་མེད་ཚོས་སོ་སོའི་ཡར་ལངས་དང་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་མདུན་ལམ་ཕྱིར། བུད་མེད་ཚོའི་སྨྲ་བརྗོད་ཀྱི་ཐོབ་ཐང་བསྐྲུན་དགོས་པ་དེ་ནི་བུད་མེད་ཀྱི་སྨྲ་བརྗོད་དོན་འཁྱོལ་གྱི་ལས་འགུལ་དེའི་གཙོ་བོ་ནང་དོན་ཞིག་ཡིན་ལ། དེ་ནི་དཀྱེལ་ཡངས་དང་ཞི་ལྷིང་གི་ཐབས་ལམ་སྒོ་ནས་མི་ཆོས་རིང་ལུགས་ཀྱི་འཇིག་རྟེན་གསར་པ་ཞིག་བསྐྲུན་རྒྱུ་དེ་རེད།
༡༠། བུད་མེད་ཀྱི་ངོ་བོ་ངོས་འཛིན་དང་བུད་མེད་ཚོའི་སྤྱི་ཚོགས་ཀྱི་གོ་དབང་གཏན་འབེབས་སྐོར།
མོ་མཆོག་རིང་ལུགས་པས་བུད་མེད་ནི་འཇིག་རྟེན་འདིའི་ཐོག་གནས་མེད་པར་འཇིག་རྟེན་གྱི་ཁམས་འདི་དབང་སྒྱུར་བྱེད་མཁན་གཙོ་བོ་སྐྱེས་པ་ཕོ་ཡིན་པར་མཐོང་གི་ཡོད་ལ། ཤ་མདོག་དཀར་པོ་དང་རྒྱུ་ནོར་ཡོད་མིན་ལ་མ་ལྟོས་པར་། འཇིག་རྟེན་ལ་གཏིང་ཟབ་པོའི་སྒོ་ནས་ཡིད་ཆེས་འོས་པ་དང་དབང་ཤུགས། བདེ་འཇགས་དང་དྲང་བདེན་གྱི་ཐོབ་ཆ། མི་ཞིག་གི་ངོ་བོ་དང་ནུས་ཤུགས་ལ་ངོས་འཛིན་བྱེད་སྟངས་ནི་འཇིག་རྟེན་འདི་དང་སྒེར་ངོས་ཀྱི་བྱ་སྤྱོད་དང་ལམ་སྲོལ་ནི་གདོན་མའི་དུས་ནས་ཡོད་པའི་ཆ་རྐྱེན་མི་འདྲ་བར་བརྟེན་ནས་གཏན་འཁེལ་དགོས་པ་ཞིག་རེད། དེ་མིན་སྤྱི་ཚོགས་དེའི་རང་གཤིས་ཀྱི་རྩ་བའི་གནས་སྟངས་ཀྱིས་གཏན་འབེབས་ཆོག་པའི་གནས་སྟངས་ཤིག་མིན། འོན་ཀྱང་ངོ་བོ་དམིགས་བསལ་བའི་གོ་དབང། འདུ་ཤེས་ཀྱིས་ངོས་འཛིན་པའི་དམིགས་བསལ་གྱི་དབང་ཆ་དེ་ནི་དངོས་པོ་གཞན་དུ་གནས་པ་ཞིག་ཡིན་ལ། ཕོ་མོའི་དབྱེ་བ་ནང་ལའང་གནས་ཡོད་པར་བརྟེན། བུད་མེད་ཀྱི་འཕེལ་རྒྱས་ནི་རང་སོ་སོས་ངོས་འཛིན་བྱེད་སྟངས་དང་སྤྱི་ཚོགས་ཐོག་གི་ངོ་བོ་ངོས་འཛིན་བྱེད་སྟངས་ནས་ཡོང་དགོས་པ་ཞིག་ཡིན། དེ་ནས་སྤྱི་ཚོགས་ཐོག་ནས་འོས་ཤིང་འཚམས་པའི་གོ་དབང་དང་གནས་སྟངས་ཐོག་ལངས་ཐུབ་པ་བྱེད་དགོས།
བུད་མེད་བཅིངས་འགྲོལ་དང་རང་དབང། འཕེལ་རྒྱས་བཅས་ནི་བུད་མེད་ཀྱི་དབང་ཤུགས་རིང་ལུགས་པའི་གཙོ་དོན་གསུམ་པོ་ཡིན་ལ་བུད་མེད་རྣམས་ཡར་རྒྱས་འགྲོ་བ་དང། བུད་མེད་ཀྱི་རིག་གཞུང་གསར་བསྐྲུན་བྱེད་པ། དེ་བཞིན་འགྲོ་བ་མིའི་རིགས་ཉེན་ཁ་ལས་བརྒལ་ཞིང་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་དུ་ཕྱོགས་པར་ལེགས་སྐྱེས་འབུལ་དགོས།
༼བོད་བསྒྱུར་བྱས།༽
