རྒྱང་རིང་གི་ཡབ་ཆེན་ལགས
༼རྒྱང་རིང་གི་ཡབ་ཆེན་ལགས༽
བསམ་གཞིགས་ལྕོ་མོ་ཞིག་གིས་སྣེ་དྲངས་ནས
རྒྱུས་མེད་པའི་ཡུལ་གྲུ་འདིའི
འཚོ་བར་རོལ་ཉིན་ནས་བཟུང
ལེ་དབུར་ཁྲི་ཕྲག་གིས
བར་དུ་ཆོད་པའི་རྒྱང་རིང་གི་ཡབ་ཆེན་ལགས
ང་ནམ་ཡིན་ཡང
ཁྱེད་ཀྱི་ཀུ་ཤུ་ལྟར་དམར་བའི་སེམས་པ་དེ་ཡིན
བྱིས་དུས་ལང་ཚོ
ཞོགས་པའི་དྭངས་གཙང་གི
རླུང་བུ་དང་ལྷན་ཏུ
སྤང་ཐང་དང་རྩེད་ར་ནས་སྨིན་དུས
རྒྱང་རིང་གི་ཡབ་ཆེན་ལགས
ཁྱེད་ཀྱི་བརྩེ་བའི་མིག་ཟུང་དེ
ང་དང་འབྲལ་མ་མྱོང་བ་དངོས་ཡོད་ཡིན་ནམ
ཁྱེད་ཀྱི་དཀའ་སྡུག་མང་པོའི་བཞུར་རྒྱུན་ཁྲོད་ནས
སྤྲོ་བས་ཁེངས་པའི་སྤོབ་པ་ཞིག་གིས
ང་ལ་བྱམས་བསྐྱངས་དང་གཅེས་སྤྲས་བྱས་ནས
མཚར་ལངས་བྱུང་བ་ནི
ཆེས་བརྗེད་མི་ཐུབས་པའི་བརྒྱུད་རིམ་རེད
ལོ་ཟླ་འདི་དག་གི་རིང་ལ
ཁྱེད་ཀྱི་བྱམས་བརྩེའི་ཐུ་འོག་ནས
ང་སྐད་ཅིག་ཙམ་ཡང་འབྲལ་མྱོང་མེད
རྒྱང་རིང་གི་ཡབ་ཆེན་ལགས
བརྒྱུད་ཟིན་པའི་ལམམ་བུ་དེར
ཕྱིར་མིག་ཐེངས་གཅིག་འཕེན་དུས
ཁྱེད་ཀྱི་དཀའ་སྡུག་གི་དངུལ་ཆུ་རེ་རེ
སུ་ཞིག་གི་ཆེད་དུ་གཏོར་ཡོད་པ
ད་གཞི་ནས་རྟོགས་སོང