དགུ་བཅུ་གསུམ་ཚོགས་པ་ཡང་ན་ཚོགས་གཞོན། རྒྱ་དར་ཁུར་པའི་གོམ་བགྲོད་པར་ལྟ་ཚུལ་ཞིག་མེད་པ་གང་ཡིན་ནམ།
རྒྱ་དར་ཁུར་ནས་འགྲོ་བའི་གོམ་བགྲོད་པར། སྐར་ལྔའི་དར་དམར་འོག་ནས་དཀའ་སྡུག་མྱངས་པའི་ཆབ་སྲིད་བཙོན་པའི་ཚོགས་པ་དགུ་བཅུ་གསུམ་ད་ལྟ་ཁ་བཙུབས་པ་དང། ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་ནམ་རྒྱུན། ༧གོང་ས་མཆོག་གིས་རྒྱ་ནག་གི་སྤྱི་དམང་ལག་ཁྱེར་བསྣབས་ནས་བོད་ལ་ཕེབས་ཀྱང། ང་ཀླུ་མཁར་བྱམས་འགྲོ་གི་མིན་ཟེར་མཁན་ཞིག་རེད། ད་ལྟ་བོད་རྒྱ་བར་གྲོས་མོལ་ཕར་ཞོག་འབྲེལ་མོལ་ཙམ་ཀྱང་ཡག་པོ་བྱུང་མེད་རེད།
རྒྱ་དར་ཁུར་བའི་གོམ་བགྲོད་པར། གཞོན་ལྷན་གྱི་ངོ་རྒོལ་དང། དབུ་ལམ་ནས་རྒྱབ་སྐྱོར། བོད་མི་མང་སྤྱི་འཐུས་ཀྱིས་རྒྱ་དར་ཁུར་ནས་འགྲོ་བར་རྒྱབ་སྐྱོར་མེད་གསུངས་དུས། ཀླུ་མཁར་བྱམས་ཀྱིས་ནམ་རྒྱུན་རས་དམར་པོ་མཐོང་ན་རྒྱལ་འགྲོ་བ་ཟེར་བའི་བཤད་རྒྱུན་དང་འདྲ་བའི་བཀའ་མོལ་གནང་མཁན་ཞིག་ཡིན་ཀྱང། རང་བཙན་གཙང་མ་དང། གནའ་བོའི་གྷི་རིག་གི་སི་ཁོལ་ཋི་རེ་སུའི་མི་གཤིས་ལ་ཡིད་སྨོན་བྱེད་འི་བུ་ཞིག་ཡིན་བཟོ་སྟོན་མཁན། སྐབས་དོན་དཔྱད་གླེང་པ་ཞིག་ཡིན་མདོག་བྱེད་པ། ད་ལྟ་ཀླུ་ལགས་ཁ་ཁུ་སིམ་པོ་བྱས་ནས་བཞུགས་པ་དེ་ག་རེ་ཡིན་ནམ། སྲིད་སྟེགས་ལ་འོས་བསྡུའི་གོ་སྐབས་ཞིག་ཡོང་ཁ་བོ་རེ་བསམ་ནས།དེ་བསྒུག་ནས་སྲིད་དོན་པ་ཆགས་རེད་དམ། རང་བཙན་ལྟ་གྲུབ་དོར་བ་ནི་ག་ལ་སྲིད།