སྦྲང་ཆར་ལ་རེ་སྒུག
ཁུ་བྱུང་གྲག་ཟིན། དཔྱར་ཀ་སླེབས་སོང་། མེ་ཏོག་ཀྱང་བཞད་འདུག། ཡིན་ན་ཡང་། ཆར་པ་ནི་ད་དུང་འབབ་རྒྱུ་མི་འདུག དེ་རིང་གསར་ཁང་གི་ཉེ་འདབས་སུ་ཡོད་པའི་མེ་ཏོག་རྣམས་ཚ་བའི་རླབས་ཀྱིས་བཅོམ་འདུག་ལ། བྱ་དང་བྱེའུ་རྣམས་ཀྱི་གྲེ་འགྱུར་ཡང་ཐོས་རྒྱུ་མི་འདུག
རང་ཉིད་ཀྱིས་པར་ཆས་ཤིག་ཁྱེར་ནས་བརྙན་པར་འགའ་བླངས་བར་ཕྱིན་མོད། རང་བྱུང་རྩི་ཤིང་དང་མེ་ཏོག་དག་ལ་གསོན་ཤུགས་བྲལ་འདུག དེས་མཛེས་ལྗོངས་དང་མེ་ཏོག་ལ་པར་རྒྱག་པའི་མོིས་པ་ཁད་ཀྱིས་བརླགས་སོང་།
དྲང་པོར་བརྗོད་ན། ལོ་འདིར་ང་རང་ས་ཕྱོགས་གང་སར་སྐྱོད་པའི་ཡུལ་སྐོར་བ་ཞིག་དང་མཚུངས་པར་སྤྲོ་འཆམ་ལ་འགྲོ་འདོད་སྔར་བས་ཆེ་མོད། འབྱུང་བའི་འགྱུར་ལྡོག་ལ་ལྟས་ན། ཚ་དྲོད་ཆེ་བའི་རྒྱ་གར་གྱི་ཡུལ་ལུང་ཁག་ལ་འགྲོ་འདོད་མེད་པ་རང་བཞིན་གྱི་ཆགས་ཡོང་། ལྷག་པར་དུ་གོ་ལའི་སྤྱི་དྲོད་འཕར་བཞིན་པའི་སྐབས། གནམ་གཤིས་ལ་དེ་བས་དཔག་དཀའ་བས། ཚ་བ་ཆེ་སའི་ས་ཆར་ཉེན་ཁ་ཡང་ཆེ།
གསར་འགྱུར་མེད་པའི་སྐབས་ཤིག་ལ་་་་་