༄༅།། ཁྱེད་ཀྱི་ཁ་ཆད།

        ༄༅།། ཁྱེད་ཀྱི་ཁ་ཆད།

དགའ་བའི་དུང་ཞེན་གྱི་འཛུམ་རིས།། 

འཛའ་མོའི་སྙིང་ཁ་ལ་འཐིམ་སོང་། 

རེ་སྒུག་གེ་སར་གྱི་ལང་ཚོ།།

 སེམས་ཀྱི་སྙིང་གྲོགས་སུ་འཛུམ་སོང་།

དམ་བཅའ་བྲག་རི་ཡི་ཞེ་གཏམ།།

  འགྱུར་མེད་གཏན་ཚིག་གིས་མནན་ཡོད།།

  བསུབ་མེད་སེམས་ནང་གི་སྙིང་གཏམ།།

  རྒྱང་རིང་བྱང་ཕྱོགས་ནས་བཏང་ཡོད།།

ཁྱེད་ཀྱི་ཁ་ཆད་ཀྱི་མནའ་ཚིག།

  དམར་ཆུང་གསེང་ལམ་ལ་ཕབ་ཡོད།།

  བརྩེ་དུང་ཁང་ཆུང་གི་ནང་ནས།།

  དུང་བ་ཁྱེད་ཕྱོགས་སུ་གཏད་ཡོད།།