ལྡི་ལིའི་ཚ་བ་དང་མིའི་ཧམ་སེམས།
སྤྱི་ཟླ་ལྔ་པའི་གནམ་གཤིས་ནི་ཚ་བ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བའི་དུས་ཆོད་ཞིག་ཡིན་པས་མི་རྣམས་ཐམས་ཅད་གནམ་གཤིས་གྲངས་སར་ཚ་གཡོལ་དུ་ཚངས་ཁ་ཤིག་ཤིག་ངང་བསྐྱོད་སྒོ་ཚུགས་པས་གླ་ཆེད་རླངས་འཁོར་དང་གནམ་གྲུའི་སྦྱིན་བདག་དག་དང་མགྲོན་ཁང་གཉེར་མཁན་གྱིས་སྦྱིན་བདག་གི་ཚོང་གིས་ཁེ་ཕན་ཇེ་འཕེལ་འགྲོ་བའི་དུས་ཚོད་ནང་
ངེད་རང་ཡང་ལྡི་ལི་རྒྱུད་རྡ་སར་ལས་དོན་ཞིག་ཆེད་འགྲུལ་བཞུད་བྱ་དགོས་བྱུང་། ང་ཚོ་ནི་རྒྱལ་ཁབ་མེད་པའི་མི་ཞིག་ཡིན་པར་རྟེན་དེ་ལྟ་བུའི་འགྲུལ་བཞུད་ཞིག་བྱེད་པར་ཡང་བཞེད་སྣང་དང་དངངས་སྐྲགས་ཁོ་ནས་འགྲུལ་བཞུད་བྱེད་པ་ལས་བློ་བདེ་བག་ཕེབས་ཀྱི་འགྲུལ་བཞུད་བྱ་རྒྱུ་ནི་དུས་ནམ་ཡང་ཡོངས་མྱོངས་མེད། ནམ་ཀུན་དང་མི་འདྲ་བར་དེ་ལྟ་བུའི་ཕྱོགས་བསྐྱོད་འགྲུལ་བཞུད་ཐེངས་རེར་བྱས་དགོས་བྱུང་དུས་དུས་རྟག་ཏུ་རང་དབང་དང་རྒྱལ་ཁབ་ཡོད་པའི་འབངས་མི་རྣམས་ལ་ཡིད་སྨོན་རེ་ཡང་ཤོར་སོང་། རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་སྲོག་འབུལ་མི་དཔའ་བོ་དཔའ་མོ་དག་གི་སེམས་ནང་གི་སྡུག་ངལ་དང་ལྷག་བསམ་ལ་དེས་བས་ཡིད་ཆེས་སྐྱེས་བྱུང་།
རྒྱ་ཆེའི་རང་རིགས་སྤུན་ཟླ་དག་ལ་དྲན་བསྐུལ་ཞུ་རྒྱུར། ལྡི་ལི་ནས་རྡ་ས་བར་གྱིས་འགྲུལ་སྐྱེས་རླངས་འཁོར་དག་གི་འཛིན་བྱང་ཉེ་དུས་ངེས་པར་གཟབ་གཟབ་གནང་དགོས་ཀྱིས་འདུག རླངས་འཁོར་གཅིག་ཡིན་ཡང་འཛིན་བྱང་གི་གོང་ཚད་ལ་ཧ་ཅང་ཧེ་བག་ཆེན་པོ་ཡོད། དེ་ནི་འཛིན་བྱང་ཚོང་མཁན་ཧམ་པ་ཆེ་ཆུང་གིས་དབང་ལས་ངེས་བརྟན་གྱི་གཏན་འབེབས་ཤིག་མེད་པ་འདྲ།