བོད་མི་གཉིས་ལ་ཁྲིམས་ཆད།
ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་ནང་ཆེན་གྱི་བོད་མི་གཉིས་ལ་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
འདི་ལོའི་ཕྱི་ཟླ་༢ ཚེས་༨ ཉིན་ནང་ཆེན་ས་གནས་སུ་བོད་དོན་ལས་འགུལ་སྤེལ་བར་བརྟེན། ཕྱི་ཟླ་༢ པའི་ཚེས་༢༢ ཉིན་ནང་ཆེན་གྱི་ཚོང་པ་བསྟན་འཛིན་དང་། ཚོང་པ་གཞན་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང་། ཉེ་ཆར་ཁོང་གཉིས་བོད་དོན་ལས་འགུལ་སྤེལ་མཁན་གཙོ་བོ་ཡིན་པའི་ཉེས་མིང་འོག ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག