ཚེ་འགུག་དང་ཚེ་དབང་གི་བཀའ་དབང་།
སྐྱབས་རྗེ་སི་ཏི་རིན་པོ་ཆེ་མཆོག ་གིས་རཏྣའི་ཚེ་སྒྲུབ་ཀྱིོ་སྒོ་ན ས་བྷིར་ཚེ་རིང་ལྗོངས་སུ་བསྒྲུབ་ པ་ཆེན་མོ་ཉིན་བཅུའི་རིང་དུ་ཡོངས ་སུ་འཚོགས་ཟིན་ཏེ་དེ་རིང་༢༠༡༢ལོ ་ཟླ་༥་པའི་ཚེས་༣༡་སྡ་དྲོ་ཆུ་ཚོད ་༡༡་ནས་ཕྱི་དྲོ་ཆུ་ཚོད་གསུམ་བར་ དུ་བྷིར་མི་མང་ཡོངས་ལ་ཚེ་སྒྲུབ་ གསང་བ་འདུས་པའི་ལས་ཆོག་གི་སྒོ་ན ས་ཚེ་དབང་དང་ཚེ་འགུག་བཅས་གནང་ཡོ ད་པ་དང་། དེར་འདུས་ཀྱི་མི་གྲངས་ལྔ་བརྒྱ་ལ ྷག་ཡོད་པ་རེད་འདུག
ཐོག་ མར་ཚེ་རིང་ལྗོངས་གཙུག་ལག་ཁང་ཆེན་མོའི་མདུན་དུ་སྐྱབས་རྗེ་རིན་པོ་ཆེས་ཞབས་ སོར་བཀོད་དེ་དུང་གླིང་གི་མདུན་བསུས་ཏེ། སུ་ཏི་གོང་མ་རིན་པོ་ཆེ་མཆོག་གི་དབུ་ཞ་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་གནང་ཡོད་པ་ དང་། དེ་རྗེས་མི་མང་ལ་བཀའ་སློབ་བསྩལ་དོན། ཁྱེད་རང་ཚོས་ཆོས་ཟེར་བ་དེ་བསྒྲུབ་པ་ལ་ཕྱི་སོར་ནས་གསུང་པའི་མི་དགེ་བ་གང་ཐུབ་ སྤོང་དགོས་པ་དེ་གལ་ཆེན་གྱི་རྨང་གཞི་ཡིན་པ་དང་། གཉིས་པ་དེ་བྱང་སེམས་ནས་གསུང་པའི་ཕར་ཕྱིན་སོགས་ལ་བསླབས་ནས་བློ་སྦྱོངས་ཏེ་ བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཐོབ་བཅུག་དགོས་པ་དང་། དམ་ཚིག་ཟེར་བ་དེ་སྔགས་ཀྱི་གནད་འགག་གི་རྩ་བ་ཞིག་ཡིན་པས་བླ་མས་གང་གསུང་པ་ཉན་ པ་དེ་གལ་ཆེན་པོ་ཡིན་པ་དང་། བླ་མ་དེ་ཡང་རྒྱུད་ལུང་མན་ངག་ཆ་ཚང་བ་ཡོད་ས་ཞིག་དགོས་པ་ནི། བླ་མས་སངས་རྒྱས་འཛམ་བུ་གླིང་འདི་ནས་ཕེབས་ཚར་བའི་རྗེས་ལ་སྟོན་པས་ཚབ་བྱས་ནས་ གང་གསུང་པ་དེ་གདུལ་བྱ་ལ་སྟོན་དགོས་པ་སོགས་བཀའ་སློབ་གནང་རྗེས་ཚེ་དབང་དང་ཚེ་ འགུག་གི་བཀའ་གསུང་གནང་ཡོད་པ་རེད་འདུག།