ལུས་སེམས་བར་ན་ལྡང་བའི་ཚོར་བ་དམར་པོ།
༄༅།། ལུས་སེམས་བར་ན་ལྡང་བའི་ཚོར་བ་དམར་པོ།
སྐྱོ་སྣང་ན་བུན་ཐང་གི་ཤུགས་རིང་རེ་རེ།།
འཚོ་བའི་ཁ་ཕྱོགས་བསུབ་པའི་ལོ་རྒྱུས་རེ་རེ།།
བཅོས་མིན་སེམས་ལ་ལྡང་བའི་སུན་སྣང་ནག་པོ།།
སྙིང་གི་དབུས་སུ་འབར་བའི་སེམས་པ་འཁྲིགས་སོང་།
རྡ་སའི་རི་ཀློང་ངོགས་ནས་སྙིང་རླུང་སིབ་སིབ།།
བར་མེད་སྟོད་དུ་འཕྱུར་བའི་ནམ་ཟླ་ཞིག་ལ།།
རང་སེམས་དམར་པོ་བརླགས་པའི་དུང་སྣང་ཆག་རོ།།
ཚོར་བ་དམར་པོའི་བཟི་སྐབས་ཁད་ཀྱིས་ཤོར་སོང་།
བྱང་ཕྱོགས་ཀང་ར་རྫོང་ན་ལྡོམ་པའི་བུ་ང་།།
སྨིག་སྤྲིན་ལིང་ལིང་འཐིབ་སའི་གནམ་མཐའ་འདི་ནས།།
ལུས་སེམས་བདེ་སྡུག་འདྲེས་པའི་གྲུ་ཁ་འདི་ནས།།
སྐྱོ་སྣང་ཁྲོད་ཀྱི་སྣང་བརྙན་སེམས་ལ་ཕབ་ཤོར།།
གསེར་རྟའི་མིང་བྱང་ཁུར་བའི་འབྲོང་སྨྱོན་བུ་ངས།།
སྐྱོ་བའི་ལོ་རྒྱུས་རིང་མོ་ཡིག་རིས་ཕབ་སྟེ།།
ཕོ་འགྱུར་ཁྲོད་ཀྱི་མྱོང་བའི་སེམས་ཚོར་དམར་རྗེན།།
ལྔ་བའི་སོ་གཅིག་ཉིན་མོར་སྙུག་རྩེས་ཟག་སོང་།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སུ་
འབོད་པས་སུག་བྲིས་སོ།། ༢༠༡༢ ༥ ༣༡