དངོས་བྱུང་གི་གནས་ཚུལ།
དྲ་གྲོགས་ཚོ། སྤྱི་ལོ་༢༠༡༢་ཟླ་བ་༥་པའི་ཚེས་༦་ཉིན་ནས་ཏྲེ་ཧོར་བཀྲིས་དར་རྒྱས་དགོན་པའི་འདུ་ཁང་གི་རྡོ་བཀྱག་གཉིས་པའི་སྲུབ་ཏུ་མེ་ཏོག་སེར་པོ་རྐང་གསུམ་སྐྱེས་ཞིང་དེའི་ནང་ནས་༸གོང་ས་མཆོག་གི་སྐུ་པར་དངོས་སུ་མཇའ་ཀྱིན་ཡོད་འདུག དེ་ཡང་ཉིན་དང་པོ་༸གོང་ས་མཆོག་མེ་ཏོག་ནང་དུ་སྐུ་ཡར་བཞེངས་ནས་བཞུགས་ཡོད་ཅིག་མཇའ་བ་དང་། དེའི་ཉིན་གཉིས་པ་༸གོང་ས་མཆོག་སྐུ་ཡར་བཞེངས་ནས་ཕྱག་ཏུ་དར་དཀར་བསྣམས་པ་ཞིག་མཇའ་ཡི་འདུག་ཟེར། དེར་ཕྱིར་ཉིན་དེ་ནས་བཟུང་མི་མང་སྟོང་ཕྲག་མང་པོ་མཇའ་ཁ་ཞུ་བ་ཡོང་བ་དང་ལྷག་པར་དུ་ཕྱི་ཕྱོགས་ཐག་རིང་པོ་ནས་རླུང་འཁོར་དང་སྦག་སྦག་གཏོང་ནས་ད་དུང་ཡང་ཡོང་གི་ཡོད་འདུག མེ་ཏོག་སེར་པོ་དེའི་ནང་དུ་༸གོང་ས་མཆོག་སྐུ་པར་ཡོད་པའི་འདྲ་པར་ལག་འབྱོར་བྱུང་སོང་་། ངའི་ངོ་དེབ་སྟེང་བཞག་ཡོད་པའི་དེར་གཟིགས་པར་ཞུ། ངའི་ངོ་དེབ་ནི་ངའི་མིང་དེ་ཨིན་ཇི་ཐོག་བྲིས་ན་ཁྱེད་ཀྱི་བལྟ་ཐུབ།་་