ཨེ་ཤེའི་རང་དབང་རླུང་འཕྲིན་ཁམས་སྐད་སྡེ་ཚན་གྱིས་གསར་འགྱུར་འདེམས་སྟངས་སྐྱུག་བྲོ་ལ།

ངས་ནམ་རྒྱུན་ནས་ཨེ་ཤའི་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ཉན་གྱིན་ཡོད། ང་ལ་དམིགས་བསལ་གྱི་དོ་སྣང་ཞིག་བྱུང་བ་ནི། ཁམས་སྐད་སྡེ་ཚན་ནང་གི་སྐད་ཆ་བཤད་སྟངས་སྐོར་དེ་རེད། དེའི་ནང་རྡོ་རྗེ་དགྲ་འདུལ་དང་། བློ་བཟང་ཤེས་རབ། བློ་བཟང་།ད་དུང་ས་གནས་ནས་ལྡི་ལི་དང་ཨོ་སི་ཊི་རི་ཡའི་གསར་འགོད་པ་གཉིས། དྷ་སའི་ས་གནས་གསར་འགོད་པ། དེ་ཚོས་ནི་ཁམས་སྐད་དག་ཅིང་བཤད་སྟངས་ལེགས་པ། གོ་བརྡ་སྤྲོད་མཁས་པ་ཧ་ཅང་གི་རྩེད་ཕུད་ཀྱི་གསར་འགྱུར་སྒྲོག་མཁན་དག་རེད། ཚེ་དབང་ནོར་བུ་དང་ཨ་སྒྲོན་གཉིས་བཤད་སྟངས་ཁམས་སྐད་དག་མ་ཡིན་ན་འང་སྐད་མདངས་ཅུང་ཞན་པ་འདུག་ཅིང་། འོན་ཀྱང་དེ་དག་ནི་དོ་བདག་གཉིས་ལ་ཁག་མེད་པར་ལྷན་སྐྱེས་སྐད་མདངས་ཀྱི་རྐྱེན་རེད། གང་ལྟར་ཁམས་སྐད་དག་མ་གསར་འགྱུར་བཤད་མཁན་ཡིན་པས་གསར་འགྱུར་སྒྲོག་མཁན་ལེགས་པའི་གྲས་རེད།

 ད་དུང་ཆོས་སྐྱིད་ཟེར་བ་དེ་གསར་འགྱུར་བཤད་དུས་ཨམ་སྐད་དང་དབུས་སྐད་ལ་ལད་ཟློས་ཁོ་ན་ལས་ཁམས་སྐད་དག་མ་ཞིག་གཏན་ནས་བཤད་ཤེས་ཀྱི་མི་འདུག གསར་འགྱུར་བཤད་སྟངས་དེ་གཏམ་བརྗོད་ཞལ་པར་ལེ་ཚན་གཙོ་སྐྱོང་བ་སྒྲོལ་དཀར་ལད་ཟློས་ཁོ་ན་རེད། འོན་ཀྱང་དོན་དངོས་ཐོག་སྒྲོལ་དཀར་གྱི་བརྒྱ་ཡི་ཆ་ཡང་གླགས་ཁེལ་གྱི་མི་འདུག གང་ལྟར་མོ་ནི་རང་ལུགས་མེད་པའི་རླུང་ཡན་གྱི་ཁྲོད་ཀྱི་ཤོག་བུ་རང་རེད།
ཤ་ཚ་་་བལ་ཡུལ་གྱི་གསར་འགོད་པ་ཟླ་བ་སྒྲོལ་མ་ཟེར་བ་དེས་ཞལ་འདོན་སྐྱོར་སྟངས་འདྲ་བའི་གསར་འགྱུར་སྒྲོག་པ་དེ་གོ་བརྡ་འཕྲོད་མཁན་གཏན་ནས་ཡོད་མི་སྲིད། གསར་འགོད་པའི་ས་མིག་ཏུ་བཞག་དུས་གང་ལ་བལྟས་ནས་བཀོད་མིན་ཤེས་མ་སོང་།
ད་དུང་བཟོད་པ་རྒྱ་མཚོ་ཟེར་བ་ཞིག་འདུག ཞལ་འདོན་སྐྱོར་སྟངས་རང་རེད། གང་ལྟར་ཁོས་གསར་འགྱུར་ཞིག་བཏང་ན་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་འདེམས་པའི་ཁྱབ་པ་འདྲ་འདུག དྷ་ས་ནས་ཐོན་པའི་གཞུང་འབྲེལ་ལས་དོན་ཁག་གི་གསར་འགྱུར་དང་། བོད་ནས་ཐོན་པའི་གནས་ཚུལ་དག་ཕར་སྐྱུར་ནས་དྷེ་ར་དྷུན་བདེ་སྐྱིད་གླིང་ནས་མ་ཎི་གསོག་སྒྲུབ་བཟོ་རབས་ཀྱི་གསར་འགྱུར་དེ་གལ་ཆེན་བརྩིས་ནས་རླུང་འཕྲིན་ནང་ཡོང་གི་འདུག དེ་ཡིན་དང་ཡིན། ཚ་བ་བཟོད་པ་རྒྱ་མཚོ་དེ་རྡོ་རྗེ་དགྲ་འདུལ་གྱི་གཉེན་ཚན་ཡིན་འདུག་པས་དེའི་ཕྱོགས་ཞེན་གྱིས་བཟོད་པ་རྒྱ་མཚོས་བཏང་པའི་གསར་འགྱུར་ཡིན་ཚད་རླུང་འཕྲིན་ནང་བཏང་རྐྱང་རེད་འདུག དེ་ལོས་ཡིན་་ས་གནས་ནས་བཏང་པའི་གསར་འགྱུར་རེ་འདེམས་པ་ཡིན་ན་སྒྲོ་ལ་༡༠༠མ་ཟིན་ཙམ་རག་གི་ཡོད་འདུག
ད་དུང་ལོ་སྔོན་མར་ཁམས་སྐད་ས་གནས་གསར་འགོད་པའི་རྒྱུགས་སྤྲོད་བྱེད་དུས་ཁམས་སྐད་དང་སློབ་སྦྱོང་སྤྱི་དང་བོད་ཡིག་གནས་ཚད་དང་དབྱིན་ཡིག་དང་། རྒྱ་ཡིག་སོགས་ཀྱི་སློབ་སྦྱོང་ཡོད་མཁན་ཚོ་མར་གཡུག་ནས་ཁམས་སྐད་སྡེ་ཚན་གྱི་འགན་འཛིན་ཚ་བ་སྒང་པ་རྡོ་རྗེ་དགྲ་འདུལ་གྱིས་རང་གི་སྤུན་མཆེད་ཚ་བ་བཟོད་པ་རྒྱ་མཚོ་ཟེར་བ་སློབ་སྦྱོང་གང་ཡང་མེད་མཁན་ཞིག་ས་གནས་འགོད་པའི་ལས་གནས་སྤྲོད་འདུག  ད་དུང་མུ་མཐུད་ནས་འདི་ལྟར་བྱེད་ན་ང་ཚོར་ཐབས་ལམ་གཅིག་མ་གཏོགས་མེད། དེ་ནི་ཁམས་སྐད་སྡེ་ཚན་གྱི་གསར་འགྱུར་ཉོན་མཁན་ཚོས་ས་ཡིག་བསྡུ་རུབ་བྱས་ནས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་ལས་ཁུངས་ཨ་མ་ལ་རྡོ་རྗེ་དགྲ་འདུལ་གྱི་བྱ་སྤྱོད་ཐད་སྙན་ཞུ་བཏང་རྒྱུ་རེད།