དར་དམར་འདི་ཡི་འོག་གི་དཀའ་ངལ།
གངས་ཅན་བོད་ཀྱི་ཕ་མེས་ཚེ་སྲོག་དར་དམར་འདི་ཡི་འོག་ཏུ་ཤོར།
གངས་ཅན་བོད་ཀྱི་རང་དབང་རང་བཙན་དར་དམར་འདི་ཡི་འོག་ཏུ་ཤོར།
གངས་ཅན་བོད་ཀྱི་གཏེར་ཁའི་བདག་དབང་དར་དམར་འདི་ཡི་འོག་ཏུ་ཤོར།
གངས་ཅན་བོད་ཀྱི་ཏྭ་ལའི་བླ་མ་དར་དམར་འདི་ཡི་འོག་ནས་བྲོས།།
དར་དམར་འདིའི་འོག་ཕ་མ་བསད་ཀྱང་སྤྲང་ཕྲུག་རྣམས་ཀྱིས་མགོ་ལ་འཕྱར།
དར་དམར་འདིའི་འོག་རང་བཙན་ཤོར་ཀྱང་རྒྱལ་འཚོང་བ་ཚོས་གུས་བཀུར་བྱེད།
དར་དམར་འདིའི་འོག་གཏེར་ཁར་ཕྲོགས་ཀྱང་ལྐོག་ཟ་བ་ཚོས་ངོས་ལེན་བྱེད།
དར་དམར་འདིའི་འོག་ཏྭ་ལའི་སྡང་ཡང་ཤེས་མེད་བུ་ཡིས་དགའ་ཞེན་བྱེད།།
བོད་ཀྱི་རྒྱལ་ཁབ། བོད་ཀྱི་རྒྱལ་ས། བོད་ཀྱི་རྒྱལ་དར། བོད་ཀྱི་དམག་མི།
