ཡང་བསྐྱར་གསོན་པའི་བརྡ་སྐད།

                                       ཡང་བསྐྱར་གསོན་པའི་བརྡ་སྐད།

 ཡང་བསྐྱར་གསོན་པའི་བརྡ་ཟེར་བ་གོ་དུས་མི་ཚང་མས་འདས་ལོག་བྱུང་བ་འདྲ་བོ་ཞིག་ལ་གོ་སྲིད་ཀྱང་། དོན་དངོས་ཐོག་རང་ཉིད་ཀྱི་ལག་པ་ཡུན་རིང་པོར་བག་ལ་ཞར་ནས་ད་ཐེངས་ཡང་བསྐྱར་གསོན་དྲོད་ཅུང་ཟད་བརྟས་པའི་བརྡ་ཞིག་ཡིན།

ཕྲན་ནི་སྔོན་མར་བང་ཆེན་ཟིན་བྲིས་ཐོག་ཟིན་ཐོ་མང་ཤོས་སྤེལ་མཁན་གྲས་ཤིག་ཡིན་མོད་ཟླ་ངོ་ལྔ་དྲུག་ནང་འཆར་ཅན་གྱི་སློབ་ཚན་གྱིས་རྒྱབ་དེད་དང་།ཞོར་དུ་ཐོན་པའི་ལས་དོན་ཙག་ཙིག་གིས་ཟིན་སྒོར་འཛུལ་པའི་ལམ་ཁ་ཡོད་ཚད་བཀག་སོང་།སྨུག་སྤྲིན་དྭངས་པ་ལྟ་བུའི་བག་གསེང་ཞིག་ནས་ད་ཐེངས་གཞི་ནས་ཕྱིར་ཐོན་པ་ཙམ་ཡིན།

ཁ་སྔོན་ནས་ཟིན་བྲིས་སུ་བཏགས་པའི་དྲན་འཆར་ཞིག་བང་ཆེན་གྱི་ཟིན་ངོས་སུ་འཇོག་རྩིས་བྱ་མོད་ཕྱི་ནང་དྲ་དགྲ་གང་རུང་གི་རྐྱེན་པས་བང་ཆེན་ཟིན་བྲིས་ཀྱི་སྒོ་གཏན་འདུག་པས་བྱ་ཐབས་མ་རྙེད། དེ་ནས་བཟུང་ཟིན་རྩོམ་སྤེལ་བའི་སྲེད་པ་དེ་ཞི་ནས་ཡུན་རིང་བར་གསོན་ཐུབ་མ་སོང་།

དེ་རིང་སྟེས་དབང་སྟབས་འཕྲོད་ཀྱིས་བང་ཆེན་དྲ་བར་སྐེ་ཞིག་སྲིང་དུས་བང་ཆེན་ཟིན་བྲིས་ཀྱི་རྒྱལ་སྒོ་ཕྱེ་བ་མཐོང་བྱུང་། ་སྔོན་ནས་གོམས་ཟིན་པའི་བག་ཆགས་མཐུག་པོ་ཞག་གིས་མཐོང་མ་ཉིད་ནས་རང་དབང་མེད་པར་ནང་དུ་འཛུལ།ཕྱིར་ཐོན་ཁར་ནང་དུ་འཇོག་རྒྱུའི་ལག་རྟགས་གཞན་གང་ཡང་འཁྱེར་རྒྱུ་མེད་སྟབས་ཁ་སྐྱེངས་པ་ལྟར་བྱུང་། དེས་ན་རང་ཉིད་ཀྱི་ཕྱི་ནང་གསང་གསུམ་གང་ནས་འཇོག་རྒྱུུའི་དངོས་པོ་ཅི་འདུག་བལྟས་དུས་རང་ཉིད་སླར་ཡང་གསོན་པ་དེ་གསེར་ནང་གི་བཙོས་པ་ལྟ་བུ་མཐོང་ཞིང་། རང་ཉིད་ལ་ད་ཡོད་དངོས་པོ་ནང་ནས་རྩ་ཆེ་བ་དེ་ལས་མེད་པར་ངེས་ནས་རང་ཉིད་སླར་ཡང་གསོན་པའི་བརྡ་དེ་བརྒྱབས་པ་ཡིན།