བཀའ་བློན་ཁྲི་པའི་་གཞུང་འབྲེལ་ཕྱོགས་ཕེབས།

ཟླ་འདིའི་ཚེས་ ༡༩ ཉིན་རྒྱབ་ནས་ཕྱི་ཚེས་ ༢༢ བར་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་ལྡི་ལིར་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱིས་གཞུང་འབྲེལ་ལས་དོན་གནང་རྒྱུ་དང་།

དེ་རྗེས་ཕྱི་ཟླ་ ༦ ཚེས་ ༢༣ ནས་ཕྱི་ཟླ་ ༧ ཚེས་ ༢ བར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དང་ཀེན་བྷ་ར། བྷི་རི་སི་བྷེན་བཅས་སུ་གྲོས་ཚོགས་འཐུས་མི་དང། སྲིད་བྱུས་ཉམས་ཞིབ་པ། རོགས་ཚོགས་ཁག གསར་འགོད་པ་སོགས་དང་མཇལ་འཕྲད་ཀྱིས་བོད་མིའི་གནས་བབས་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད།

ཕྱི་ཟླ་ཚེས་ ༡ ཉིན་བྷི་རི་སི་བྷེན་ས་གནས་བོད་རིགས་ཚོར་གསུང་བཤད་གནང་རྗེས། ཕྱི་ཟླ་ ༧ ཚེ་ ༢ ཉིན་ཁུལ་དེ་ནས་སིངྒ་པུར་བརྒྱུད་ལྡི་ལི་དང་དེ་ནས་དྷ་སར་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད།།