ཕ་མིའི་བྱམས་བརྩེ་དྲནཔའི་གདུང་འབོད།།
ཕ་མིའི་བྱམས་བརྩེ་དྲནཔའི་གདུང་འབོད།།
བྱམས་བརྩེ་སེམས་གཏིང་ན་འཁྱིལ་བའི།།
དྲིན་ཆེན་ཕ་མ་ཡི་མཛད་བརྩེ།།
གཙང་བོའི་གཞུང་ལམ་ན་བཞུར་བ།།
རླབས་སྒྲ་བྱང་མཐའ་ནས་ལྷིར་བྱུང་།
དྲི་མེད་འོད་ཞགས་ཀྱི་བརྩེ་བ།།
བྱམས་ཆེན་ཕ་མ་ཡི་དུང་སེམས།།
ལྷོ་མཐའ་བྱང་མཐའ་ནི་ཉུལ་ཡང་།
བརྗེད་པའི་གོ་སྐབས་དེ་མི་སྲིད།།
གསེར་ཆུ་རྫ་ཆུ་ཡི་བཞུར་རྒྱུན།།
མཐའ་མེད་རྒྱ་མཚོ་ལ་འདྲེས་སོང་།
དྲིན་ཆེན་ཕ་མ་ཡི་དུང་སེམས།།
བུ་ངས་སེམས་ཁོང་ལ་འཐིམས་སོང་།
དྲིན་ལན་རྫོགས་མཐའ་དེ་མེད་མོད།།
བྱམས་ཆེན་ཕ་མ་ཡི་རེ་བ།།
བདག་གི་སེམས་གཏིང་ནས་བསྒུབ་འདོད།།
དམ་བཅའ་སྙིང་དབུས་ལ་བྲིས་ཡོད།།
ཕུགས་བསམ་བུ་ང་ལ་ཕྱོགས་པའི།།
དྲིན་ཆེན་ཕ་མ་ཡི་བརྩེ་བ།།
ཁེར་རྐྱང་བུ་ང་ཡི་དྲན་སྐབས།།
མིག་ཟུང་རླན་གཤེར་གྱི་ཁེངས་སོང་།