དྲ་གྲོགས་ཚོ་རྒྱ་ནག་ཁྲོང་ཆེང་དྲ་རྒྱའི་ལག་རྩལ་ཁང་གིས་བང་ཆེན་ཟིན་གཏོར་རྒོལ་བཏང་བ་བསྐྱར་གསོ་ཐུབ་འདུག
རྒྱ་ནག་དབུས་དྲ་རྒྱ་དོ་དམ་ལས་ཁུང་དང་། ཁྱད་པར་དྲ་ཐོག་སྟང་འཛིན་རུ་ཁག་གམ་དྲ་ཐོག་ཉེན་རྟོགས་རུ་ཁག་སོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་གཞན་ལས་ལྷག་པས་རྒྱ་ནག་གིས་དྲ་ལམ་ནང་ལ་རྟོགས་དཔྱོད་དང་། དམིགས་བཙན་བྱོལ་བོད་མིའི་ཁུལ་དང་། ཐེ་ཝན། རྒྱ་ནག་དམངས་གཙོ་ཚོགས་པ། ཕྱི་སྡོད་ཤིན་ཅང་པ། རྒྱ་ནག་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཚོགས་པ་སོགས་ཀྱི་དྲ་རྒྱ་དང་ཟིན་བྲིས་སོགས་ཀྱི་ནང་ལ་དྲ་དུག་མང་པོ་གཏོང་གི་ཡོད་པ་རེད།
ཉེ་བའི་བདུན་ཕྲག་གཉིས་ནང་བོད་ཀྱི་བང་ཆེན་དྲ་བའི་ཟིན་བྲིས་ནང་ན་རྒྱ་ནག་ཁྲོང་ཆེང་ན་སྟེན་གཞི་བྱས་ཡོད་པའི་དྲ་རྒྱའི་ལག་རྩལ་ཁང་གིས་དྲ་དུག་བཏང་ནས་ཟིན་བྲིས་ཚང་མ་ནག་བསིབ་བཟོས་ཟིན་པ་རེད་ཟེར། བང་ཆེན་ཚང་གིས་ཐབས་ཤེས་འདྲ་མིན་བེད་སྤྱད་ནས་དེ་རིང་བསྐྱར་དུ་ཟིན་བྲིས་ཀྱི་དྲ་སྒོ་ཕྱེ་ཐུབ་འདུག་དྲ་གྲོགས་ཚོ། ད་ཡང་ང་ཚོས་རང་དབང་གི་གླེང་མོལ་མགོ་བཙུགས་ཆོག དྲ་གྲོགས་ཚོ་ཤུགས་རྒྱོབས།