སྐལ་བཟང་རྒྱལ་མཚན་ཡུ་རོབ་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག

kalsang_envoyཟླ་ཚེས་༡༩ ཉིན་བོད་གཞུང་བཀའ་ཤག་གིས་ཡུ་རོབ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ཡུ་རོབ་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་བྱས་པའི་བཀོད་ཁྱབ་བཏང་ཡོད་འདུག

སྐུ་ཞབས་སྐལ་བཟང་རྒྱལ་མཚན་ནི་བོད་གཞུང་གི་གཞུང་ཞབས་ཡིན་པ་དང་། ཡུ་རོབ་སྐུ་ཚབ་སྐུ་ཚབ་དང་། བོད་རྒྱ་འབྲེལ་མོལ་ཆེད་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་ཕྱག་རོགས་ན་ཡིན་ནའང་། ཉེ་ཆར་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་། ཡུ་རོབ་སྐུ་ཚབ་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་བོད་རྒྱ་ཞི་མོལ་ལ་རེ་བ་མེད་སྐོར་གསུངས་ཏེ་དགོངས་པ་ཞུས་ཡོད་པ་རེད།

དེ་སྔོན་ནས་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི་ཚོས་ཡུ་རོབ་དམིགས་བསལ་སྐུ་ཚབ་ཀྱི་ལས་གནས་ཤིག་དགོས་པའི་དགོས་འདུན་བཏོན་ཡོད་པ་ལྟར། ད་ལྟ་ལས་གནས་དེ་བྱུང་བ་དང་། སྐུ་ཞབས་སྐལ་བཟང་རྒྱལ་མཚན་བསྐོ་བཞག་བྱས་ཡོད་པ་རེད།

kalsang_envoy

ཡུ་རོབ་ཁུལ་དུ་ད་ལྟ་སྐུ་ཚབ་སུད་སི་སྐུ་ཚབ་དོན་གཅོད་དང་། དབྱིན་ཡུལ་སྐུ་ཚབ་དོན་གཅོད། བྷེལ་རྗམ་སྐུ་ཚབ་དོན་བཅས་ཡོད་པ་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཀྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དུ། “ཡུ་རོབ་དམིགས་བསལ་སྐུ་ཚབ་ཀྱིས་ཡུ་རོབ་ཏུ་ཡོད་པའི་སྲིད་གཞུང་དང་། བོད་དོན་རྒྱབ་སྐྱོར་བ། གྲོས་ཚོགས་འཐུས་མི་སོགས་ལ་འབྲེལ་བ་བྱེད་རྒྱུ་དང་། ཡུ་རོབ་ཁུལ་གྱི་སྐུ་ཚབ་དོན་གཅོད་ཁག་གི་སྤྱི་ཁྱབ་པར་བསྐོ་བཞག་བྱས་པ་ཞིག་རེད་”ཅེས་འགྲེལ་བརྗོད་གནང་འདུག །