རང་གི་ཞབས་རྐྱག་སྟོང་པ་བཞག་ནས་མིའི་རྐུབ་རྐྱག་ལ་ཚང་ཁ་རྒྱགས་པ།
རང་གི་ཞབས་རྐྱག་སྟོང་པ་བཞག་ནས་མིའི་རྐུབ་རྐྱག་ལ་ཚང་ཁ་རྒྱགས་པ།
ཁ་སྔོན་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ཨ་རའི་རླུང་འཕྲིན་ཁང་ནས་བུད་མེད་ཀྱི་ནུས་པ་གོང་སྤེལ་ཐོག་བགྲོ་གླེང་གི་གསར་སྒྱུར་ཞིག་བསྟན་ཡོད། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཡང་རང་རེའི་སྤྱི་ཚོགས་ནང་སྙན་གྲགས་ཅུང་ཆེ་བའི་སྤྱི་འཐུས་བུ་མོ་ཚེ་རིང་ལགས་དང་། སྤྱི་འཐུས་ཨོ་ཀ་ཚང་གཡུ་སྒྲོན་ལགས་རྣམ་གཉིས་རེད། ཁོང་རྣམ་པ་གཉིས་ཀྱི་བགྲོ་གླེང་ལས་རིམ་ནང་སྐད་མོལ་གནང་བའི་རྒྱུད་རིམ་ནས་ང་ཚོའི་སྤྱི་ཚོགས་ནང་གི་བལྟ་ཚུལ་དང་གཟིགས་ཚུལ་མང་པོ་ཞིག་ལ་འགྲེལ་བརྗོད་བྱས་སོང་ཀྱང་གནད་དོན་གལ་ཆེན་ཞིག་ལ་ཐུགས་སྣང་རྩ་བ་ནས་མེད་པ་ལྟ་བུ་ཞིག་འཚོར་སོང་།
སྤྱི་འཛམ་གླེང་འདིའི་ནང་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཤུགས་ཆེར་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་ཡོད་ལའང་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་བཟུང་མཁན་གྱི་རྒྱལ་ཁབ་ཡང་མང་པོ་ཡོད། འོན་ཀྱང་རང་རེའི་སྤྱི་ཚོགས་ནང་ཕྱི་ལོ་ ༡༩༦༡ ལོར་༸གོང་ས་སྐྱབས་མགོན་ཐབས་ཅད་མཁྱེན་པས་ཐུགས་རྗེས་བཀའ་དྲིན་ལས་༼བཙན་བྱོལ་ནང་༽མང་གཙོའི་ལམ་སྲོལ་བཟང་པོ་དབུ་བརྙེས་པ་ནས་བཟུང་བེུད་ལ་ཆེ་མཐོང་བླ་ན་མེད་པ་ཞིག་ཐོབ་ཡོད།
ཕོ་མོ་འདྲ་མཉམ་ཡོད་པའི་རྒྱལ་ཁབ་ཅི་འདྲ་ཞིག་གི་རྩ་ཁྲིམས་གང་ལ་བལྟས་ཀྱང་འགན་ཁུར་སྣེ་འཁྲིད་ཀྱི་དབུ་ཁྲིད་ཕོ་མོ་ཆ་སྙོམས་དགོས་རབ་གང་ནས་ཀྱང་གཏན་འབེབས་བྱས་མེད། གལ་ཏེ་དེ་འདྲ་ཞིག་གཏན་འབེབས་བྱས་པ་ཡིན་ཀྱང་དེ་ནི་རྫོབ་རྟགས་ཆེན་པོ་ཞིག་ཡིན་ཏེ་འགན་ཁུར་སྣེ་ཁྲིད་ཀྱིས་དབུ་ཁྲིད་ལ་ཆ་རྐྱེན་ངེས་པར་ཞིག་ལྡན་དགོས་ངེས་ཡིན། དེ་བས་ཀྱང་རང་རེས་སྤྱི་ཚོགས་ནང་གི་འགན་ཁུར་དབུ་ཁྲིད་རྣམས་ཀྱང་གཞུང་ངམ་འགོ་ཁྲིད་རེ་གཉིས་ཀྱི་ཐག་གཅོད་བྱས་ནས་བསྐོ་བཞག་གནང་གི་མེད་པར་མང་གཙོའི་ལམ་སྲོལ་ལྟར་མི་མང་གི་འདེམས་འགོ་བྱས་ནས་བསྐོ་གི་ཡོད་པ་མཁྱེན་བཞིན་དུ་བཙན་བྱོལ་ནང་འགན་ཁུར་སྣེ་ཁྲིད་པའི་དབུ་ཁྲིད་ཆ་སྙོམས་མེད་པའང་བེུད་ཉུང་བའི་གནས་སྟངས་སོགས་གསུངས་དགོས་པའི་རྒྱུ་མཚན་ལ་དཔག་ན་འགན་ཁུར་སྣེ་ཁྲིད་ཀྱི་འགོ་ཁྲིད་བེུད་མེད་མང་པོ་བྱུང་ན་ང་ཚོར་ཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཐུབ་འདེངས་སྤོབས་བརྒྱ་ཆ་ག་ཚོད་ཡོད་དམ། སྤྱི་ན་བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ཎེའི་བྱས་ཀྱང་འགྲིག་ཞེས་པའི་གཏམ་དཔེ་གཞི་བཟུང་བཙན་བྱོལ་བོད་ཀྱི་སྒྲིགས་འཛུག་ནས་ད་ལྟ་ལག་ལྟར་གནང་དང་གནང་བཞིན་པ་རེད།
ད་ལྟ་ཆར་འཛམ་གླིང་ནང་ཕོ་མོ་འདྲ་མཉམ་ཡོད་དམ་ཟེར་ན་འདྲ་མཉམ་རྩ་བ་ཉིད་ནས་མེད་ཞེས་བཤད་རྒྱུ་ཡིན། དེ་ནི་གཞུང་གི་སྒྲིགས་འཛུགས་དང་སྲོལ་རྒྱུན། སྤྱི་ཚོགས་ཀྱིས་སྣོན་ཤུགས་གང་ཡང་མ་ཡིན་པར་ལྷན་སྐྱེས་ཀྱི་མིའི་གཤིས་ཀ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། སློབ་གྲྭ་ཞིག་གི་སློབ་ཕྲུག་རྣམས་ལ་ཆ་བཞག་ནས་བཤད་ན་འཛིན་རིམ་ལྔ་པ་དྲུག་པ་བར་བུ་ལས་བོུ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པ་མ་ཟད་ཨང་གི་ལེན་མཁན་ཡང་ཕལ་ཆེ་བ་བོུ་སློབ་ཕྲུག་དག་ཡིན། བདུན་པ་བརྒྱད་པ་ཙམ་ནས་བཟུང་བོུ་རྣམས་སྦྱངས་འབྲས་ཇེ་གཞན་ཇེ་སྡུག་ཏུ་འགྲོ་བས་ཨང་ཀི་ལེན་མཁན་ཡང་རིམ་བཞིན་ཉུང་དུ་འགྲོ་བ་དང་། མཐོ་སློབ་སྐབས་བོུ་ཨང་ཀི་ལེན་མཁན་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན། དེ་དག་ལ་བསམ་ན་སྤྱི་ཚོགས་ཀྱིས་སྣོན་ཤུགས་མ་ཡིན་པར་བུ་དང་བོུའི་རང་བཞིན་གྱི་གཤིས་ཀ་དང་འབྲེལ་བ་དམ་ཟབ་ཡོད་མཚོན་ཐུབ། ངས་བལྟས་ན་བེུད་མེད་རང་ངོས་ནས་འདྲ་མཉམ་ཐུབ་ཐབས་ལ་འབད་དགོས་འདུག ང་ཚོས་སྤྱི་ཚོགས་ནང་རང་གིས་མ་འཇོན་པ་དེ་གཞན་ལ་ཁག་དཀྲི་བྱས་རྒྱུ་ནི་ལྷན་སྐྱེས་ཀྱི་གཤིས་ཀ་ནོར་འཁྲུལ་ཅན་ཞིག་ཡིན་པ་བསམ་ཤེས་ཐུབ་མཁན་མིན་འདུག
དེ་བས་ཀྱང་ཤེས་དགོས་པ་ཞིག་ལ་ཕོ་མོ་གཉིས་ལ་རང་རང་གི་མཐུན་མོངས་མ་ཡིན་པའི་ནུས་པ་རེ་དང་ཁྱད་ཆོས་རེ་ཡོད་པ་ནི་དོན་དངོས་ཡིན་པས་ང་ཚོས་མཁས་ལེན་མི་བྱེད་ཀ་མེད་རེད། དོན་དངོས་དང་མཐུན་པའི་ནུས་དེ་གོང་ཐོར་སྤེལ་ཐབས་གནང་བ་ཡིན་ན་དོན་ལྡན་གྱི་འབྲས་བུ་བླ་ན་མེད་པ་ཞིག་སྨིན་ཐུབ་པ་ལས་དོན་དངོས་དང་མི་མཐུན་པ་ལ་ཨུ་ཚུགས་ཇི་ཙམ་རྒྱབ་ཀྱང་ངལ་བ་འབྲས་མེད་རེད། བུད་མེད་རྣམས་ནས་རང་མི་རིགས་དང་རྒྱལ་ཁབ་ཆེད་དུ་བླ་ན་མེད་པའི་ཞབས་འདེགས་ཞུ་ས་མེད་པ་རྩ་བ་ཉིད་ནས་མ་ཡིན། རང་གི་རྒྱལ་ཁབ་དང་མི་རིགས་ལ་ཤ་ཆ་ཡོད་ན་མི་རིགས་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ཐོག་སྐྱེས་པ་ལས་སྐྱེས་མ་ཚོས་ནུས་པ་ཆེ་བ་བསྐྲུན་ཐུབ་པ་ཞིག་ཡིན་པ་དངོས་ཡོད་གནས་སྟངས་ཞིག་མིན་ནམ།
རྒྱ་དམར་གྱི་བོད་མི་རིགས་རྩ་གཏོར་གཏོང་ཆེད་དུ་སྐྱེ་སྒོ་གང་བྱུང་དུ་དཀག་སྡོམས་བྱས་དང་བྱེད་བཞིན་པ་དང་བཙན་བྱོལ་ནང་ཕོ་མོ་འདྲ་མཉམ་གྱིས་སྐད་ཆ་ཆེན་པོ་ཞིག་ལ་ཤི་ཐམ་རོ་ཐམ་བྱས་ནས་རྐུབ་རྐྱག་ལ་ཧབ་ཐོགས་རྒྱབ་ནས་མི་རིགས་འཕེལ་རྒྱས་གཏོང་ཕྱོགས་སོགས་ལ་དགོངས་པ་རྩ་བ་ནས་མི་བཞེས་པ་ནི་ཐན་ལྟས་ཞིག་མིན་ན་གང་ཡིན།
དཔེར་ན། གོང་དུ་བཞུས་པའི་སྤྱི་འཐུས་བོུ་ཚེ་རིང་ལ་ཕྲུག་གུ་ག་ཚོད་ཡོད་དམ། སྤྱི་འཐུས་ཨོ་དཀར་ཚང་གཡུ་སྒྲོན་ལ་ཕྲུག་གུ་ཇི་ཙམ་ཡོད། དེ་བཞིན་བཙན་བྱོལ་ནང་གི་སྲིད་གཏེགས་བཟུང་བའི་སྐྱེས་མ་རྣམས་ནས་ཕྲུག་གུ་ཇི་ཙམ་སྐྱེས་འཕེལ་གནང་ཡོད་དམ། ཁོང་ཚོ་ནི་བོད་ཀྱི་སྐྱེས་མ་རྣམས་ཀྱི་མིག་དཔེ་བཟུང་ས་ཞིག་སོང་བོད་མི་རིགས་དེ་ཅི་འདྲ་ཞིག་ཆགས་རྒྱུ་རེད་དམ།