བཀུར་འོས་བང་ཆེན་དྲ་ཚིགས་དོ་དམ་པ་མཆོག་ལགས་སུ།

བཀུར་འོས་བང་ཆེན་དྲ་ཚིགས་དོ་དམ་པ་མཆོག་ལགས་སུ།
གུས་པར་མཚོན་ན་དྲ་ཚིགས་འདིར་རྙོག་གཏམ་མང་དག་ཅིག་གླེང་ཡོད་ལ། ཁ་ཤས་ཀྱི་སྐབས་འཕྲལ་ཕན་ཐོགས་ཀྱང་བྱུང་ཡོད་སྲིད། འོན་ཀྱང་ད་བར་སྤེལ་ཟིན་པའི་ཟིན་རྩོམ་ཡོད་ཚད་ནག་ཐིང་བཏང་ཚར་འདུག སྟབས་ལེགས་པ་ཞིག་ལ་ཟིན་རྩོམ་ཡང་བསྐྱར་ཚུར་སློག་པའི་སྐལ་བ་ཡོད་རབས་བསྒྲགས་འདུག་པས་སེམས་པ་ལྷོད་ལ་བབས་སོང་། རྩོམ་གཞན་པ་ཚུར་སློག་པར་བྲེལ་བ་གཏན་ནས་མེད་མོད། ངས་ཁ་སྔོན་ཨེ་ཤ་རང་དབང་རླུང་འཕྲིན་ཁམས་སྐད་སྡེ་ཚན་གྱིས་གསར་འགྱུར་འདེམས་སྟངས་སྐོར་སྤེལ་བའི་རྩོམ་ཡིག་དེ་ངེས་པར་དུ་ཚུར་སློག་རོགས་གནང་། འོ་དེ་ངའི་ཟིན་བྲིས་ཀྱི་འོག་མཆན་བྲིས་ས་ནང་བླུག་རོགས། ཁ་དྲོ། ཚེ་རིང་།