ངའི་ཁར་སང་གི་ཉིན་ཐོ་ཁྱེད་ཅག་ལ་བཤད་རྒྱུ་ཞིག་དང་མི་བཤད་རྒྱུ། ཧ་ཧ་ཧ་།
ཁྱེད་ཅག་གིས་འདི་ཚར་གཅིག་ཀློག་རོགས། འདི་ངའི་ཁར་སང་གི་ཕྱི་དྲོའི་ཉིན་ཐོ་ཡིན། ཁར་སང་ཕྱི་དྲོ་
ང་རི་འགོ་དགོན་པ་རུ་བྱ་བ་ཞིག་གི་ཆེད་དུ་སོང་བ་ཡིན། དེ་ནི་བཤད་གྲའི་རྩོད་པའི་དུས་ཚོད་ལ་ཏག
་ཏག་ལ་ཁེལ་འདུག དེས་ནི་ང་ལ་སྔར་གྱི་སྣང་བརྙན་གསོན་པོ་དག་ཡིད་ལ་དྲན་དུ་བཅུགས་པར་མ་ཟད་།
འདི་དག་གི་མི་ཚེ་འདི་ཐོས་པས་བསྐྱལ་ན་ཇི་འདྲའི་དོན་དང་ལྡན་པ་ལ་ཡང་སེམས་ལ་འཁོར་སོང་། དེ་ནས་ང་རིམ་བཞིན་དེ་དག་གི་ཉེ་སར་བཅར་ནས་ཞིབས་་པར་ཉན་འཇོག་བྱས་སྐབས་། དེ་ཡི་ནང་གི་གྲ་པ་གཉིས་ཀྱིས་དབུ་མའི་ནང་ནས་ལྟ་བ་གཏན་ལ་དབབ་ཚུལ་ལས་
ཐལ་འགྱུར་བས་ཐ་སྙད་བདེན་པ་གཏན་ལ་འབེབ་པའི་ལུང་ཚིག་ཞོག་ཟེར་ནས་ལུང་སློང་བཞིན་པའི་སྐབས་། དམ་བཅའ་བས་། ཐ་སྙད་ལ་ནི་མ་བསྟེན་པར་། །དམ་པའི་དོན་ནི་རྟོགས་མི་འགྱུར་། ཞེས་པའི་ཚིག་གི་ཡང་ཡང་བསྐྱོར་ནས་མགོ་བོ་སྨད་ནས་བསྡད་འདུག་། དེ་ནས་ཕར་ཅུང་ཙམ་སོང་ནས་གཞན་གཉིས་ཀྱིས་རྩོད་པ་བྱེད་བཞིན་པའི་ཉེ་སར་བཅར་ནས་ཉན་སྐབས་། དེ་གསུམ་གྱིས་ནི། དེ་ལྡན་བཅོམ་ལྡན་ཚད་མ་ཉིད་། ཅེས་པ་དེ་ལ་རྩོད་བཞིན་འདུག་། དེ་ཡི་སྐབས་སུ་ཕལ་ཆེར་མཁན་པོ་ཡིན་པའི་རྣམ་པ་ཅན་ཞིག་གིས་། དེ་ལྡན་བཅོམས་ལྡན་ཚད་མ་ཞེས་པའི་དེ་སྒྲ་དེ་མངོན་སུམ་དང་རྗེས་དཔག་གཉིས་ལ་འགྲེལ་དུ་མེད་ཚུལ་དང་། གལ་ཏེ་དེ་ལྟར་འགྲེལ་ན་སངས་རྒྱས་བཅོམས་འདས་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་བའི་སྐྱོན་ཡོད་པས་དེ་ལྟར་འགྲེལ་མི་རུང་བར་གསུང་བཞིནའདུག ཡིན་ཡང་ཕྱོགས་གཉིས་ཆ་ལ་དཀའ་ངལ་རེ་རེ་ཡོད་པ་དེ་དག་ནི་ཕལ་ཆེར་སེལ་ཐུབ་མེད་པ་འདྲ། མཁན་པོ་དེས་ཚད་མ་གཉིས་ལ་གོ་མི་རུང་ཚུལ་བཤད་པ་ལས་། དེ་ལྟར་འགྲེལ་མ་རུང་ན་། དེ་ལྡན་བཅོམས་ལྡན་བཅོམས་ལྡན་ཚད་མ་ཉིད་། །ཅེས་པ་དེ་གང་ལྟར་དུ་འགྲེལ་རྒྱུ་ཡིན་པའི་ངེས་ཤེས་དེ་ཡང་མེད་པ་འདྲ། དམ་བཅའ་བ་དེ་ཕལ་ཆེར་སློབ་མ་ཡིན་པ་འདྲ། ཁོང་ལ་ཡང་མངོན་རྗེ་ཀྱི་ཚད་མ་གཉིས་པོ་སངས་རྒྱས་ལ་ཇི་ལྟར་ལྡན་ཚུལ་དེ་བཤད་གྱི་མེད་པ་འདྲ་བ་ཞིག་འདུག། ་་་དེ་ནས་དོག་ཙམ་ཕར་སོང་བ་ན་གྲ་ཆུང་གཉིས་ཀྱི་བུམ་པའི་ལྟ་ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་ཉུས་པ་དེ་དང་། གཞི་ལྡོག་གཉིས་པོ་ཡང་ཁ་ཁར་ཕྱེ་མ་ཐུབ་ནས་དཀའ་ལས་ཞིག་འཕྲད་བཞིན་པ་མཐོངས་སོང་། དེ་ནས་ང་རིམ་པ་བཞིན་དུ་ཚང་མ་ལ་མཇལ་ནས་མར་སྒོ་ཁར་ཐོན་ཡོངས་སྐབས་སུ། རྒྱ་གར་མི་ཞིག་དེ་ནས་ཡར་བརྒྱུགས་ནས་སླེབས་སོང་། དེས་ཕལ་ཆེར་ང་ལ་དཔར་བརྒྱབ་ཆོག་གི་ཨེ་རེད་དྲིས་པ་འདྲ། དེས་དཔར་ཆས་དེ་ཡང་སྟོན་ཙམ་བྱས་སོང་། དེ་ནས་ང་ཡང་གསར་པ་ཡིན་ལབ་པ་ཡིན་། དེ་ནས་ཁོང་གིས་ང་ལ་སྙིང་ཉེ་ཉེ་ལྟར་བྱས་ཏེ་འགྲོ་སོང་། དེ་ནས་ང་མར་དོག་ཙམ་ཡོང་བ་ན་ངའི་ཕ་ཡུལ་གཅིག་པའི་གྲ་བ་ཞིག་གསེར་བ་ཡིན་ཡང་གསེར་སྐད་བརྗེད་སོང་བའི་གྲ་བ་དེ་དང་ཡང་ཐུགས་སོང། དེ་དང་མཉམ་དུ་ཁ་བརྡ་ཅུང་ཙམ་བྱས་རྗེ་ཕྱིར་རང་ཁྱིམ་གྲུ་བཞི་མའི་ནང་ལོག་པ་ཡིན། དེ་ཡི་རྗེས་ཀྱི་གནས་ཚུལ་དེ་ཧ་ཅུང་ཚབས་ཆེ་བས་ཁྱེད་ཅག་ལ་མི་བཤད་དགོངས་ཞུ། ཧ་ཧ་ཧ་། བསོད་ནམས་ཆོས་རྒྱལ་གྱིས་སྦིར་ནས།