མི་རེ་ལ་སྐྱེ་ཁུངས་རེ་། སྐྱེ་ཁུངས་རེ་ལ་སྲོལ་ལུགས་རེ་།

གུ་རུ་རིན་པོ་ཆེ་ཡར་ངོ་ཚེ་བཅུའི་དུས་སུ་དངོས་སུ་བྱོན་ཞེས་པ་དེ་ནི་དེ་རིང་རེད་ལ་། བོད་ཡུལ་སྟོད་སྨད་བར་གསུམ་ཀུན་དུ་མི་ཀུན་དཀར་པོ་དགེ་བའི་ལས་ལ་འཇུག་ཅིང་། ཁྱད་པར་དུ་ཚེ་བཅུའི་དམར་འཆམས་ཆེན་མོ་དང་ཁྲོ་འཆམས་ཆེན་མོ་སོགས་དེ་རིང་རེད་འདུག་།

མ དེས་ཕ་ཡུལ་ནས་དགོན་པ་མང་ཆེ་བས་ཚེ་བཅུའི་འཆམས་ཀྱི་གཟིགས་མོལ་དེ་ཡང་དེ་རིང་རེད་འདུག་ལ། མཆོད་མཇལ་བ་རྣམས་ཀྱང་འུར་ཟིང་ངང་དགོན་ནང་དུ་འབྱོར་དེ་མཆོད་མཇལ་བྱེད་བཞིན་ཡོད་ལས་ཆེ། རང་ཅག་གིས་ཀྱང་རང་རང་གི་ལུང་པའི་དུས་མཆོད་རྣམས་བརྩི་བསྲུང་བྱེད་རྒྱུ་དེ་ནི་ང་ཚོ་བཙན་བྱོལ་དུ་འབྱོར་བའི་འོས་འགན་ཡིན་པ་བརྗེད་ཇི་ལ་ཉན། མི་རེ་ལ་ལུང་པ་རེ་། ལུང་པ་རེ་ལ་ཆོས་ལུགས་རེ་ཡོད་ངེས་པས་། དེ་བཞིན་དུ་བསྒྲུབ་པར་འཚལ། དེ་བཞིན་སྦིར་པདྨ་ཨེ་ཝཾ་ཆོས་སྒར་རྟེན་མཆོག་གླིང་དགོན་པས་ཀྱང་ཚེ་བཅུ་དངོས་སུ་ད་ལྟ་འཆམས་བཞིན་ཡོད་ཅིང་། སྦིར་སྟོད་སྨད་བར་གསུམ་མངས་ཚོགས་སྟོང་ཕྲག་ལ་ཉེ་བ་འཛོམས་དེ་ཉིན་གོང་གི་གསོལ་ཚིག་དང་བཅས་ཐམས་ཅད་ལྷན་དུ་དགའ་དགའ་སྤྲོ། འི་ངང་འཆམས་མཇལ་བྱེད་བཞིན་ཡོད་པའི་གནས་ཚུལ་དེ་ཐོན་འདུག་། ༢༠༡༢།་་་༦་་་་༢༩ལ་སྦིར་ནས་ཕུལ