མེ་ལྕེ་གྱེན་དུ་མཆེད་སོང།

 

མི་ནི་བདེན་དོན་གྱི་ཆེད་དུ་འཚོ་དགོས་ལ་རང་དབང་གི་སླད་དུ་གནས་དགོས་པ་མ་ཟད། མཐའ་མཇུག་གི་འབྲས་བུ་སྟེ་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པའང་སྨོས་མེད་རེད། ཡ་ང་བའི་བོད་པའི་གནས་སྟངས་འདི་ཉིད་གོ་ལ་ཡོངས་སུ་གནས་པའི་ཚོར་བ་ཡོད་ལ་དོན་གོ་བའི་འགྲོ་བ་མི་ཞིག་ཡིན་ན།

འཚེ་བ་མེད་དང་བདེན་དོན་གྱི་རང་དབང་ཞིག་གི་ཆེད་དུ་སྟོབས་ཤུགས་གཅིག་ཏུ་སྤུངས་དགོས་པ་ནི་བྱམས་བརྩེ་དང་བདེ་སྡུག་ཡོད་མཁན་ཀུན་ལ་གཅིག་མཚུངས་རེད། བདེན་པ་རྒྱལ་ལོ། བདེན་པ་རྒྱལ་ལོ།།།།།།