གླེང་མོལ་བ་མི་དྲུག་གིས་གྲོགས་པོའི་སྐོར་ལ་བསམ་ཚུལ།

བློས་ཐུབ་ཀྱི་གྲོགས་པོ་གང་ལ་ངོས་འཛིན་དགོས་ཅེས་པའི་ལན་དུ་་)))་་

གླེང་མོལ་བ་མི་དྲུག་ཡོད།


༡་་དང་པོས། གྲོགས་པོ་ནི་ནམ་ཞིག་དགོས་མཁོ་སྐབས་རོགས་པ་ལྷག་བསམ་རྣམ་དག་གིས་བྱེད་མཁན་དེ་དང་། ཕན་ཚུལ་གཅིག་གིས་གཅིག་ལ་ཡིད་ཆེས་ཡོད་ན་གྲོགས་པོ་ཡག་ཤོས་དེ་ཡིན།


༢་་ གཉིས་པ་དེས། གྲོག་པོ་ནི་རང་ཉིད་འུ་ཐུག་ཐབས་ཟད་གྱུར་སྐབས། དཔེར་ན། ནད་འདོན་གྱིས་མནར་ཞིང་འབྱུང་ཁམས་མི་བདེ་བའི་སྐབས་སུ་སྲིད་ཞུ་བསྒྲུབས་མཁན་དེ་དང་། གྲོགས་པོ་བཟང་ཤོས་ནི་གྲོགས་པོའི་དོན་དུ་ཚེ་སྲོག་ཡང་བློས་གཏོང་ཕོད་མཁན་ཞིག་ཡིན་དགོས་པ་བཅས་སོ།


༣་་གསུམ་པ་དེས། གྲོགས་པོ་གྲོགས་པོའི་བར་ལ་ཁ་ཞེ་གཉིས་མེད་དང་ཕྱི་གསལ་ནང་བསལ་བྱེད་ཀྱི་དེ་དང་། གྲོགས་པོའི་བར་འགལ་ཟླ་ཕྲན་བུ་བྱུང་ཚེ་ཐད་གར་ཕན་ཚུན་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་དགོངས་སེལ་ཞུ་བ་དང་། ཁ་སངས་པོས་ནོར་བ་ངོས་ལེན་ཞུས་ན་དེ་གའི་ནང་འཐུས་ཤིང་། གྲོགས་པོ་ཡག་ཤོས་དེ་ལ་ངོས་འཛིན་དགོས་པ་ཡིན།


༤་་བཞི་པ་ངས། གྲོགས་ཀྱི་མཆོག་ནི། ཕན་ཚུན་མི་སླུ་བ་ཞིག་ལ་ངོས་འཛིན་དགོས་ཏེ། ས་སྐྱ་ལེགས་བཤད་ལས། ནོར་གྱི་མཆོག་ནི་སྦྱིན་པ་སྟེ། །བདེ་བའི་མཆོག་ནི་སེམས་སྐྱིད་པ། །རྒྱན་གྱི་མཆོག་ནི་ཐོས་པ་སྟེ། །གྲོགས་པོའི་མཆོག་ནི་མི་སླུ་བའོ། །སྤྱི་བཏང་གྲོགས་པོ་བཟང་ངན་ནི་ཡུན་རིང་གཤིབ་ནས་ད་གཟོད་ཤེས་དགོས་པ་མ་ཟད། ཐད་གར་འདི་བཟང་་དང་འདི་ངན་ཞེས་སུས་ཀྱང་ཐག་གཅོད་མི་ནུས་ཀྱང་། ཡུན་རིང་འགྲོགས་པའི་གྲོགས་དག་གིས་ཕན་ཚུན་མི་སླུ་བ་ནི་གྲོགས་ཀྱི་མཆོག་དམ་པ་ཡིན།


༥་་ལྔ་པས། གྲོགས་པོ་ཡག་ཤོས་ནི། གྲོགས་ཀྱི་བར་ལ་རང་གི་ལྟ་ཕྱོགས་མཐུན་པོ་དགོས་པ་དང་། རང་དང་ལྟ་ཚུལ་མི་མཐུན་པའི་གྲོགས་པོ་ནི་ནམ་ཡང་མཐུན་པོ་ཡོང་བར་དཀའ་སྟེ། དམངས་གཙོའི་ལྟ་གྲུབ་དང་། དམར་ཕྱོགས་ཀྱི་ལྟ་བ་ཇི་བཞིན་ནམ་ཡང་མཐུན་ཐབས་མེད་སོགས་བཤད།

༦་་དྲུག་པས། སྐད་ཆ་མགྱོགས་པོ་ཞིག་གསུངས་པ་དང་། དབྱིན་སྐད་སྒྲ་གདང་ཁྱད་མཚར་ཞིག་འདུག་པས་གསལ་པོ་ཐོས་མ་སོང་དགོངས་དག་ཞུའོ། །


Tongue outWink

 

བོད་ཀྱི་བང་ཆེན་ནི་ལོ་མང་པོ་སྔོན་གྱི་ངའི་ཡིད་ལ་འཇགས་པའི་གནས་མཆོག་གལ་ཆེན་ཞིག་ཡིན་ལ། སྔོན་མ་ནས་ཡུལ་འདིར་ཡང་ཡང་ཡོང་འདོད་ཡོད་ཀྱང་། ཆོག་མཆན་མ་རག་ནས་ཡུན་རིང་འགོར་ཞིང་། དེ་རིང་གྲོགས་པོ་འཆམ་ར་བ་རྒྱུད། དྲྭ་ངོས་འདིར་འཛུལ་ཞུགས་ཆོག་པ་བྱུང་སོང་བས་དྲྭ་གྲོགས་རྣམས་ལ་མཚམས་འདྲི་དང་། ཁ་སྔོན་དབྱིན་ཡིག་འཛིན་གྲྭའི་ནང་ང་དང་གྲོགས་པོ་རེ་གཉིས་ཀྱིས་གླེང་མོལ་ཐུང་ངུ་བྱས་པ་འདི་རྟེན་འབྲེལ་མཚོན་བྱེད་ཙམ་གྱི་ཆེད་དུ་བཏང་བ་ཡིན།

བཀྲ་ཤིས་བད་ལེགས།