དཔེ་དེབ་དམིགས་བསལ་ཆག་ཡང་གིས་ཚོང་འགྲེམས་བྱེད་རྒྱུ་ཡིན།
འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས། ཕྱི་ཟླ་༧ ཚེས་༦ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོ་དང་སྟབས་བསྟུན་ནས་ཉིན་གཅིག་རིང་ཐུགས་སྣང་ཅན་རྣམས་ལ་གལ་ཆེ་བའི་དཔེ་དེབ་ཁག་ཅིག་རིན་གོང་ཕྱེད་ཆག་ཐོག་འགྲེམས་སྤེལ་ཞུ་རྒྱུ་དང། གལ་ཆེའི་དཔེ་དེབ་ཁག་ཅིག་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་དགོན་སྡེ་ཁག་དང་སྤྱི་ཚོགས་ཀྱི་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་སྐོར་གསུང་བཤད་གནང་བ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཕབ་སྒྲིག་བྱས་པའི་དཔེ་དེབ་<<དུས་ཐོག་ཆར་པ་>>འདི་ག་སྲི་ཞུ་ཁང་ནས་བསྐྱར་དུ་པར་སྐྲུན་ཞུས་ཡོད།
འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་གསར་དུ་རྩོམ་སྒྲིག་འདོན་འགྲེམས་བྱས་པའི་ཚོན་ལྡན་ཟླ་གསུམ་དུས་དེབ་<<ཁ་བ་དཀར་པོ་>>ཞེས་པ་སྐུའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོ་དང་སྟབས་བསྟུན་ནས་འགྲེམས་སྤེལ་བྱ་རྒྱུ་ཡིན་པས། ཚང་མས་དེ་ལུགས་ཀྱིས་ཐུགས་སྣང་གནང་རོགས་ཞུ་བཞིན་ཡོད། གསར་དུ་ཐོན་པའི་དཔེ་དེབ་འདི་གཉིས་ཉིན་འདིར་དམིགས་བསལ་ཕྱེད་ཆག་གི་ཐོག་ནས་འགྲེམས་སྤེལ་ཞུ་རྒྱུ་ཡིན།
འདི་ག་སྲི་ཞུ་ཁང་གིས་སྔོན་ནས་པར་སྐྲུན་ཟིན་པའི་དཔེ་དེབ་ཁག་ཀྱང་ཉིན་འདིར་རིན་གོང་བརྒྱ་ཆ་%༣༠ དམིགས་བསལ་ཆག་ཡང་ཞུ་རྒྱུ་ཡིན་ན། དེ་ལུགས་ཐུགས་སྣང་ཅན་རྣམས་ངེས་ཕེབས་ཡོང་བ་ཞུ་བཞིན་ཡོད།
ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་ཕྱི་ལོ་༢༠༡༢ ཟླ་༧ ཚེས་༥ ཉིན་སྤེལ།
འབྲེལ་གཏུག་ཁ་པར་ཨང་གྲངས། 226175/229305