ས་ཆེན་ཞི་བདེར་བྱེད་པའི་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་གྱི་མཛད་སྒོ་སུ་ཇ་སློབ་གྲ་ནས།

བོད་གངས་ཅན་ཁ་བ་རི་པའི་སྐྱེ་སྒུའི་བསོད་ནམས་ལས་གྲུབ་པའི་འཕགས་མཆོག་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ཉིད་ཕྱི་ལུགས་ལྟར་དུ་དགུང་གྲངས་༧༦ལ་ཕེབས་པའི་ཉིན་མོ་འདི་ལ། འཚམས་འདྲིས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

ང་རང་ཡང་ཞོགས་པ་ནས་ལངས་ཏེ་ཡན་ལག་ལྔ་ཁྲུས་ཤིག་བྱས་ཏེ། སུ་ཇ་བོད་ཁྱིམ་དུ་སློབ་གྲའི་འཁྲུངས་སྐར་མཛད་སྒོ་ལ་སོང་ནས། བསྲིང་རྩིའི་ལས་རིམ་ཁག་ལྟད་མོ་ལྟ་བར་མཉམ་ཞུགས་བྱས་པ་ཡིན། དེས་ན་དེ་རིང་ནི་༢༠༡༢།༧།༦ཡིན་ལ།
དེ་རིང་ཞོགས་པར་ཆུ་ཚོད་དགུ་དང་སྐར་མ་ལྔ་བཅུའི་སྟེང་སྐུ་མགྲོན་གྱི་གཙོ་བོ་སྐྱབས་རྗེ་རི་འགོ་སྤྲུལ་སྐུ་རིན་པོ་ཆེ་གཙོས་པའི་སློབ་གྲའི་དགེ་ལས་སློབ་མ་ཡོངས་ནས་སློབ་གྲའི་ལག་རྩེད་སྤོ་ལོ་ཐང་དུ་མཛད་སྒོ་དངོས་སུ་དབུ་འཛུགས་ཞུས་དེ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་གཅིག་ནས་རྟགས་གསལ་གཏོང་བའི་ལས་རིམ་ཁག་གཉིས་དང་། འབྲས་སིལ་མ་དང་ཇ་དེ་བཞིན་དུ་མངལ་རིལ་བཅས་འདེགས་འབུལ་དང་། སློབ་གྲའི་དབུ་འཛིན་གྱིས་བཀའ་ཤག་གི་བཀའ་ཡིག་སྒྲོག་སྦྱང་དང་།
རྒྱུག་སྤྲོད་པ་ཨང་དང་པོ་རྣམས་ལ་རི་འགོ་སྤྲུལ་རིན་པོ་ཆེ་ནས་གསོལ་རས་ཀྱིས་ལེགས་གསོལ་དང། དགེ་ཆེ་མཆོག་ནས་སྐྱབས་མགོན་རིན་པོ་ཆེས་མཛད་རྣམས་མདོར་བསྡུས་ཀྱི་གསུང་བཤད་དང་། དེ་རྗེས་གླུ་གཞས་གསུམ་དང་ཕུན་ཚོགས་སྡེ་བཞི་དང་མདོ་དབུས་ཁམས་གསུམ་གྱི་ཞབས་བྲོ་གསུམ་བཅས་ཀྱི་གཟུགས་འབུལ་མཇུག་སྡུད་དང་། རི་འགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་དང་། སློབ་སྤྱི་ཁྱབ་སློབ་སྟོན་པ་མཆོག་ནས་ཐུགས་རྗེ་ཆེ་ཡི་གསུང་བཤད་དང་སློབ་གྲའི་གླུ་དབྱངས་དང་བཅས་དེ་རིང་གི་མཛད་སྒོ་དེ་དགའ་སྤྲོའི་ཐལ་མོ་དང་མཇུག་བསྡུས་ཡོད་པ་རེད་།
དེ་དང་ཕྱོགས་མཚུངས་སློབ་མ་དང་དགེ་ལས་མཉམ་རུབ་གྱིས་བཟོས་པའི་ས་ཆེན་པོའི་སྤྱི་གཙུག་ན་འཕུར་བའི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་པའི་ཚག་ཤོག་ཅིག་བོད་གི་ཐོག་ནས་དང་། སུ་ཇ་བོད་ཁྱིམ་སློབ་གྲ་ཞེས་དབྱིན་ཡིག་གི་ཐོག་ནས་གཅིག་བཅས་གཉིས་འགྲེམ་སྤེལ་བྱས་ཡོད་པ་བཅས་དེ་རིང་གི་ལས་རིག་ཁག་རེད་འདུག། focus on www.tcvsuj.org