རྡ་སའི་གཞུང་ས་དག་སུས་སྤྱོད་ཀྱི་འདུག་པས།
དཔེར་ན། རྡ་སའི་བྷག་སུ་གཡས་གཡོན་གྱི་ས་ཆ་འགའ་ཤས་དང་། ཟློས་གར་འགྲོ་སའི་ལམ་ངོགས་ཀྱི་ས་ཆ་འདི་ཚོ་རེད། འདི་ཚོ་ནི་ད་ལྟ་གང་ཟག་སྒེར་པ་འགས་བདག་བཟུང་བྱས་ཡོད་པ་དང་། དེས་མ་ཚད་དེ་ཚོ་མི་གཞན་དག་ལ་ཁང་གླ་གཏོང་པ། དེས་མ་ཚད་ས་ཁང་བཙང་པའི་གནས་ཚུལ་དེ་འདྲ་ཡང་རིམ་པས་ཡོང་གི་ཡོད། དཔེར་ན། ད་ལྟའི་དབུས་གཞོན་ནུའི་ལས་ཁུངས་ནས་རླངས་འཁོར་བབས་ཚུགས་རྙིང་པའི་བར་༸གོང་ས་མཆོག་གི་མཚན་ཐོག་ལ་ཡོད་པའི་ས་ཆ་ཡིན་པ་རེད།
ཡིན་ན་ཡང་དེ་ཚོ་དེང་སང་མི་གཅིག་གིས་གཅིག་ལ་བཙང་ནས། ད་ལྟ་ཚོང་པ་མང་པོ་ཞིག་བརྒྱུད་ཟིན་པའི་ཁང་བདག་གསར་པ་རེ་གྱུར་ཡོད། ལོ་འགའི་སྔོན་ལ་དེ་བར་གྱི་ཁང་པ་ཆུང་ཆུང་དེ་འདྲ་ལ་ཧིན་སྒོར་འབུམ་རེ་བྱེད་ཀྱིན་འདུག་ལ། དེང་སང་ནི་སྒོར་འབུམ་བཞི་ལྔ་དགོས་ལབ་ཀྱི་འདུག ས་ཁང་འདི་ཚོའི་འཚོང་མཁན་་དེ་ཡར་ཡར་དེད་དུས་སྐུ་སྒེར་ཡིག་ཚང་ལ་ཐུག་གི་འདུག་པ་དང་། དེའི་ནང་ནས་གང་ཟག་སུ་བྱུང་བྱུང་མིན་པ། སྐྲ་དཀར་པོ་ཅན་འགའ་ཞིག་ལ་དབང་འདུག་པས། བཙན་བྱོལ་སྒྲིག་འཛུགས་དང་། སྐུ་སྒེར་ལས་ཁུངས་ནས་ཀྱང་འདི་མུས་འཇོག་ན་རན་པོ་ཞིག་ཡིན་ནམ།